མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

གཟབ་རྒྱས་ཆེ་བའི་གངས་ལྗོངས་ཀྱི་མཛད་སྒོ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-15 09:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གྲོགས་པོ་ཡོང་དུས།མགྲོན་པོ་བསུ་བར་མེ་ཏོག་མཛེས་པོ་དང་ཆང་རག་ཞིམ་པོ་ཡོད་ཅིང་། དགའ་སྤྲོའི་གླུ་གར་ཡང་ཡོད། ཡུན་ནན་ཞིང་ཆེན་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གི་རིག་རྩལ་འཁྲབ་སྟོན་ཆེ་གྲས་《གཟབ་རྒྱས་ཀྱི་སེམས་ཀྱི་ཉི་ཟླ》ཡིས། བདེ་ཆེན་མི་རིགས་ཁག་གི་མང་ཚོགས་ཀྱི་མགྲོན་པོར་དགའ་པོ་ཡོད་པ་མཚོན་ཞིང་། ཁོ་ཚོས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་གཅེས་འཛིན་བྱེད་པ་དང་། བདེ་སྐྱིད་ཀྱི་འཚོ་བར་ཡོད་པའི་ཕུགས་འདུན་མངོན་གསལ་དུ་མཚོན་པ་རེད།

བོད་སྤོས་སྦར་ཏེ་རྒྱུན་མི་ཆད་པའི་སྤོས་དུད་ཀྱིས་ལུས་རྩལ་ཐང་དུ་གཡེང་བའི་ཁྲོད་དུ་རིག་རྩལ་འཁྲབ་སྟོན་ཀྱི་འཁྲབ་འགོ་ཚུགས་པ།འཇམ་ཞིང་དམའ་བའི་གཞས་གདངས་ཀྱིས་བདེ་སྐྱིད་ཀྱི་ཕུགས་འདུན་མཚོན་ཞིང་།བཀྲ་ཤིས་པའི་གཟབ་རྒྱས་ཀྱི་མཛད་སྒོ་འབྱེད་པ་རེད།

དགའ་འཛོམས་ཀྱི་རྒྱལ་ཐང་སྐོར་བྲོ།(པད་མ་ཚེ་རིང་གིས་པར་བླངས།)

འཁྲབ་ཚན་དང་པོ་ནི་མི་1000གིས་གྲུབ་པའི་རྒྱལ་ཐང་སྐོར་བྲོའི་འཁྲབ་སྟོན་རུ་ཁག་གིས་《དགའ་འཛོམས》མི་ཚོར་འགྲེམ་སྟོན་བྱས་ཏེ། གཞས་གདངས་སྙན་འཇེབས་དང་། འཁྲབ་སྟངས་མཛེས་ཤིང་། འགྱུར་ལྡོག་མང་བ། འཁྲབ་སྟོན་རུ་ཁག་གིས་ཞབས་བྲོ་འཁྲབ་པའི་ཁྲོད་དུ་རྒྱུན་མི་ཆད་པར་རུ་དབྱིབས་འགྱུར་ཏེ།འདི་འདྲའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མིང་ཐོར་འགོད་པའི་གནའ་སྔ་མོའི་བདེ་ཆེན་བོད་རིགས་ཀྱི་དམངས་ཁྲོད་གླུ་གར་དེ་གསོན་ཉམས་ལྡན་པར་འཁྲབ་ཡོད།

དགའ་སྐྱིད་ཀྱི་ཨ་ཁྲི་མུའུ་ཀྭ(པད་མ་ཚེ་རིང་གིས་པར་བླངས།)

དེ་བཞིན་མི1000གིས་གྲུབ་པའི་འཁྲབ་ཚན་གཉིས་པ་ཨ་ཁྲི་མུའུ་ཀྭའི་འཁྲབ་སྟོན་རུ་ཁག་གི《དགའ་སྐྱིད》ཅེས་པའི་བྲོ་གར་གྱིས་དགའ་སྤྲོའི་རྣམ་པ་མངོན་པ་དང་། ཨ་ཁྲི་མུའུ་ཀྭ་ནི་ལི་སུའུ་རིགས་ཀྱི་གནའ་སྔ་མོའི་ཆོས་ལུགས་མཆོད་འབུལ་གྱི་གདོད་མའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། མང་ཚོགས་ཀྱི་རང་ཉིད་རྩེད་པའི་ཞབས་བྲོ་ཞིག་ཀྱང་ཡིན་ཞིང་། དུས་མཚུངས་སུ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་མིང་ཐོའི་རྣམ་གྲངས་སུ་བཞག་ཡོད། འཁྲབ་སྟོན་པ་རྣམས་ཀྱི་འཁྲབ་སྟོན་དེས་ཁྱད་ཆོས་མངོན་སུམ་ལྡན་པའི་ལི་སུའུ་རིགས་ཀྱི་རིག་གནས་མྱོང་ཚོར་བྱེད་དུ་འཇུག་ཐུབ་པ་དང་། གར་གྱི་སྟངས་སྟབས་བརྗིད་ཉམས་ལྡན་ཞིང་། གདངས་མཚམས་བདེ་མྱུར་ཆེ་བས། སྒྱུ་རྩལ་གྱི་ཡིད་འགུག་ནུས་པ་ལྡན་པ་རེད།

དགའ་འཁྲབ་ཀྱི་འཇོལ་གཞས།(པད་མ་ཚེ་རིང་གིས་པར་བླངས།)

འཇོལ་གཞས་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་ཏེ་འཁྲབ་ཚན་གསུམ་པ་《དགའ་འཁྲབ》ཀྱིས་འགོ་ཚུགས་མཛད་སྒོའི་ངང་ཚུལ་མཐོ་རླབས་སུ་གཏོང་བ་རེད། དེ་མཚུངས་སུ་རྒྱལ་ཁབ་ཀྱི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་མིང་ཐོའི་རྣམ་གྲངས་སུ་ཚུད་པའི་འཇོལ་གཞས་ནི་གླུ་དང་གར་གཅིག་ཏུ་འདྲེས་པ་དང་། གཞས་གདངས་སྣ་མང་དང་གཞས་ཚིག་ཕུན་སུམ་ཚོགས་པ་རེད། མི1000གིས་གྲུབ་པའི་འཁྲབ་སྟོན་རུ་ཁག་གིས་རྒྱ་ཆེ་བའི་ལྟད་མོ་བའི་མིག་མདུན་དུ་ཧ་ཅང་མཛེས་ཉམས་ལྡན་ལ། མི་རིགས་བྲོ་གར་གྱི་ཐུན་མོང་མ་ཡིན་པའི་ངོ་མཚར་མངོན་པ་རེད།

འཁྲབ་ཚན་3གྱི་བྲོ་གར་གྱིས་མི་རྣམས་ལ་བསིལ་ལྡན་ཁ་བའི་ལྗོངས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཉམས་སུ་མྱོང་བར་བྱེད་པ་མ་ཟད། བདེ་ཆེན་བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་། མཆོང་བརྒལ་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་ལེགས་པོ་མངོན་པ་རེད།

མཇུག་མཐར། འཁྲབ་སྟོན་རུ་ཁག་ཡོངས་ཀྱིས་མཉམ་དུ་གླུ་ལེན་གར་རྩེན་བྱས་ནས། མེས་རྒྱལ་དར་རྒྱས་གོང་འཕེལ་བྱུང་བའི་སྨོན་འདུན་ཞུ་བ་དང་། མི་རིགས་ལུས་རྩལ་འགྲན་ཚོགས་ལེགས་འགྲུབ་བྱུང་བའི་སྨོན་འདུན་ཞུ་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག