མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་སྲིད་གཞུང་གིས་ལོ་སྟོད་ཀྱི་བཙོག་འབུད་ཉུང་འཕྲིའི་གནས་ཚུལ་གྱི་དབྱེ་ཞིབ་གྲོས་ཚོགས་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-08-21 11:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས12ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་2014ལོའི་ལོ་སྟོད་ཀྱི་བཙོག་འབུད་ཉུང་འཕྲིའི་ལས་ཀའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་འཚོགས་ཏེ།ལོ་སྟོད་དུ་ཁུལ་ཡོངས་ཀྱི་བཙོག་འབུད་ཉུང་འཕྲིའི་ལས་ཀར་ཕྱོགས་བསྡོམས་བྱས་པ་དང་།མིག་སྔའི་བཙོག་འབུད་ཉུང་འཕྲིའི་སྤྱི་ཁོག་གི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཤིང་།དུས་རིམ་འོག་མའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

གྲོས་ཚོགས་ཐོག བཙོག་འབུད་ཉུང་འཕྲི་བྱ་རྒྱུའི་དམིགས་ཡུལ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་གི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ཅིག་ཡིན་ཏེ།ངེས་པར་དུ་ཡོངས་སྒྲུབ་བྱེད་ཐུབ་དགོས།བདེ་ཆེན་གྱི“སྐྱེ་ཁམས་ལ་བརྟེན་ནས་ཁུལ་སྤེལ་བའི”གནས་ཐིག་གཏན་འཁེལ་གྱི་ཐད་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་བྱེད་པའི་བླང་བྱའི་ཐད་ལ།ངེས་པར་དུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དུས་མཚུངས་སུ།བདེ་ཆེན་གྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་བྱེད་དགོས་ཤིང་།དཔལ་འབྱོར་གྱི་དམིགས་ཚད་ཡོངས་སྒྲུབ་བྱས་ཚུལ་ཧ་ཅང་ཡག་པོ་ཡིན་ནའང་།བཙོག་འབུད་ཉུང་འཕྲིའི་དམིགས་ཚད་ལས་འགན་ཡོངས་སྒྲུབ་བྱས་མེད་ན་ངེས་པར་དུ་བཀག་འགོག་བྱེད་དགོས།མིག་སྔར།རང་ཁུལ་དུ་གནས་པའི་བཙོག་འབུད་ཉུང་འཕྲིའི་ལས་ཀར་སྐུལ་འདེད་དལ་བ་སོགས་འབུར་དུ་ཐོན་པའི་གནད་དོན་མངོན་ཡོད།རྫོང་གསུམ་དང་ཆུས་གཅིག་གི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་མཐོང་ཆེན་བྱེད་དགོས།ད་ལོའི་གལ་ཆེ་བའི་བཙོག་འབུད་ཉུང་འཕྲིའི་མིག་ཚད་ལས་འགན་ལྗིད་པོ་ཡིན་ཞིང་།རིམ་པ་ཁག་དང་སྡེ་ཁག་སོ་སོ་ཡིས་ངེས་པར་དུ་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་ཆེ་བའི་འདུ་ཤེས་མཐོ་རུ་གཏོང་དགོས་པ་དང་།ད་ལོའི་རྫོང་སོ་སོའི་དམིགས་ཡུལ་ལས་འགན་དང་བསྡུར་ནས།རེ་རེར་དབྱེ་ཞིབ་དང་བཙལ་འཚོལ་བྱས་ནས།རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་བྱེད་དགོས་ཞེས་བསྟན།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚའེ་ཝུའུ་ཁྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།རྫོང་གསུམ་གྱི་སྲིད་གཞུང་དང་གསར་སྤེལ་ཆུས་དོ་དམ་ཨུ་ལྷན་གྱིས་ལོ་སྟོད་ཀྱི་བཙོག་འབུད་ཉུང་འཕྲིའི་ལས་ཀའི་ཡོངས་སྒྲུབ་བྱས་ཚུལ་དང་ལོ་སྨད་ཀྱི་ལས་ཀའི་འཆར་གཞི་སྙན་སེང་ཞུས་ཤིང་།ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ལོ་སྟོད་རང་ཁུལ་གྱི་གལ་ཆེའི་རྣམ་གྲངས་6དང་བཙོག་འབུད་ཉུང་འཕྲིའི་ཡོངས་སྒྲུབ་བྱས་ཚུལ་སྙན་སེང་ཞུས་པ་རེད།

བདེ་ཆེན་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་དང་སྡོད་ཁང་འཛུགས་སྐྲུན་ཅུས།འཕེལ་སྒྱུར་ཨུ།རྫོང་གསུམ་དང་ཆུས་གཅིག་གི་ཁོར་ཡུག་དོ་དམ་དང་སྡོད་ཁང་འཛུགས་སྐྲུན་གྱི་འབྲེལ་ཡོད་འགན་འཁུར་བ་གྲོས་ཚོགས་སུ་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག