མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

གསར་སྤེལ་ཆུས་ཀྱིས་གཙོ་རྟེན་ཐོན་ལས་གསོ་སྐྱོང་བྱེད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-18 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དཔལ་འབྱོར་གསར་སྤེལ་ཆུས་ཀྱིས་སྡེ་ཁུལ་ལ་བརྟེན་ཞིང་། ལའོ་ཧུའུ་ཆིན་བཟོ་ལས་སྡེ་ཁུལ་འཁོར་སྐྱོད་བྱེད་དུ་འཇུག་པ་དང་། སུང་ཡོན་ལྗང་མདོག་ཐོན་ལས་སྡེ་ཁུལ་ཤུགས་ལྡན་ཅན་དུ་གཏོང་བ། མུའུ་བི་ཝན་ས་ཁུལ་རྒྱ་སྐྱེད་བཏང་ནས་གཙོ་རྟེན་ཐོན་ལས་ཀྱི་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་རེད།

བཟོ་ལས་ལ་བརྟེན་ནས་གསར་སྤེལ་ཆུས་སྟོབས་ལྡན་དུ་གཏོང་བའི་བསམ་ཕྱོགས་ཀྱིས་སྣེ་ཁྲིད་འོག གསར་སྤེལ་ཆུས་ཀྱིས་གང་མགྱོ གས་ཀྱིས་ལའོ་ཧུའུ་ཆིན་ས་ཁུལ་གྱི་སྐྱེ་ཁམས་ཡུལ་མི་གནས་སྤོའི་ལས་གྲྭ་དང་གསར་སྤེལ་ཆུས་ཀྱི་གྲོང་མཁར་རྒྱ་སྐྱེད་གཏོང་བའི་ལས་གྲྭ་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་དང་། སྡེ་ཁུལ་གྱི་གཅིག་བསྡུས་ཀྱི་འཆར་འགོད་དང་། དོ་དམ་ཚད་ལྡན་ཅན་དུ་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུ། དུས་མཚུངས་སུ་ཧུར་ཐག་གིས་སྲིད་གཞུང་དང་ཁེ་ལས་བར། གྲོང་སྡེ་དང་ཁེ་ལས་བར་གྱི་མཐུན་སྦྱོར་གྲོས་ཚོགས་སྒྲིག་འཛུགས་ཡག་པོ་བྱས་ནས། ཁེ་ལས་ཐོན་ཚད་ཟིན་པ་དང་ཕན་འབྲས་ཐོབ་པར་སྐུལ་སྤེལ་གཏོང་རྒྱུ་རེད།

སུང་ཡོན་ལྗང་མདོག་ཐོན་ལས་སྡེ་ཁུལ་ནང་དུ་མ་དངུལ་གྱི་རོགས་སྐྱོར་དང་། སྲིད་ཇུས་ཀྱིས་ཁྲིད་སྟོན་བྱེད་པ། མ་དངུལ་འདྲེན་པ་སོགས་བརྒྱུད་ནས། ཐའེ་ཡོན་དང་། ཧྲུའུ་ཏ། ཉི་ཤར་བྱ། ནས་ཀྱི་བཟའ་བཅའི་རིགས་སོགས་ཁེ་ལས་ཀྱིས་རྟེན་གཞི་འཛུགས་པ་དང་། གསར་གཏོད་ཐོན་སྐྱེད། ལས་སྣོན་ཞིབ་ཕྲ། ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་སྐུལ་འདེད་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ནས། ཁྱབ་རྒྱ་ཆེ་བ་དང་། སྐུལ་ཁྲིད་ནུས་པ་ཆེ་བ། དཔལ་འབྱོར་ཕན་འབྲས་ཡག་པོ་ཡིན་པའི་གཙོ་རྟེན་ཁེ་ལས་འཛུགས་པར་འབད་བརྩོན་བྱ་རྒྱུ་ཡིན།

གཞན་ཡང་མུའུ་བི་ཝན་ས་ཁུལ་གྱི་འཆར་འགོད་ལ་གཞིགས་ནས། ཏན་ཏིག་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། ཚོང་འགུག་དངུལ་འདྲེན་གྱི་ཆ་རྐྱེན་ལེགས་སུ་གཏོང་ཞིང་། གཙོ་རྟེན་ཁེ་ལས་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་བ། རྒྱབ་རྟེན་ཁེ་ལས་གཙོ་བོ་སྣེ་ཁྲིད་དེ་ཚན་རྩལ་གསར་གཏོད་མ་ལག་འཛུགས་སྐྱོང་བྱས་ཏེ། ཚོགས་ཁག་ཆེན་མོ་དང་ཁེ་ལས་ཆེན་མོ་ནང་འདྲེན་དང་གསོ་སྐྱོང་བྱེད་དེ། གཏེར་ལས་ཐོན་ཁུངས་ལེགས་སྒྲིག་དང་མཉམ་སྡེབ་བྱེད་ཤུགས་ཆེ་རུ་བཏང་ནས། ཧུར་ཐག་གིས་གཏེར་གློག་མཉམ་འབྲེལ་དང་ལས་སྣོན་ཞིབ་ཕྲ་ལ་སྐུལ་སྤེལ་གཏོང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག