མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

གསར་སྤེལ་ཆུས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་བརྟན་བརླིང་ངང་འཕར་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-18 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་སྟོད་དུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཆུས་ཏང་ཨུ་དང་དོ་དམ་ཨུ་ལྷན་གྱིས“བཟོ་ལས་དཔལ་འབྱོར་ལྟེ་བའི་ཁུལ་དང་། སྣེ་འདྲེན་ཁེ་ལས་འདུས་སྡོད་ཁུལ།ངལ་གསོ་ཁམས་བདེ་སྦྲོ་གསེང་ཁུལ། གསར་སྤེལ་འཆམ་མཐུན་དཔེ་སྟོན་ཁུལ”འཛུགས་རྒྱུ་དམིགས་ཡུལ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས“བཟོ་ལས་ལ་བརྟེན་ནས་ཆུས་སྟོབས་ལྡན་དུ་གཏོང་བ་དང་།གསར་འབྱེད་ལ་བརྟེན་ནས་ཆུས་གསོན་ཤུགས་ཇེ་རྒྱས་སུ་གཏོང་བ། ཁོར་ཡུག་ལ་བརྟེན་ནས་ཆུས་དར་སྤེལ་གཏོང་བ།འཕེལ་རྒྱས་ལ་བརྟེན་ནས་ཆུས་འབྱོར་ལྡན་དུ་གཏོང་བའི”འཐབ་ཇུས་ལག་བསྟར་བྱས་ཏེ།བརྟན་བརླིང་ཁྲོད་འཕེལ་རྒྱས་དང་དཀའ་སྤྱད་འབད་འབུངས། གསར་གཏོད་ཡར་བརྩོན་བཅས་རྒྱུན་འཁྱོངས་བྱས་ནས།ལོ་སྟོད་དུ། ཆུས་ཡོངས་ཀྱིས་རྒྱ་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་ཁྲི19531གཏོང་བ་དང་།དུས་མཚུངས་ལས་0.9%འཕར་བ། ལོ་སྟོད་ཀྱི་འཆར་གཞིའི་གྲངས་ཀ་དང་ཁུལ་སྲིད་གཞུང་གི་དམིགས་ཡུལ་འགན་ཁུར་སྒོར་ཁྲི61188ཀྱི་32%ལེགས་འགྲུབ་བྱུང་བ།ཁུལ་ཕྱིའི་ནང་འདྲེན་གྱི་དངོས་འབྱོར་མ་དངུལ་སྒོར་ཁྲི36100དང་།ལོ་སྟོད་ཀྱི་འཆར་གཞིའི་གྲངས་ཀ་དང་ཁུལ་སྲིད་གཞུང་གི་དམིགས་ཡུལ་ལས་འགན་སྒོར་ཁྲི70000གྱི52%ལེགས་འགྲུབ་བྱུང་བ།ས་གནས་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི་2310མངོན་འགྱུར་བྱུང་བ་དང་། ལོ་སྟོད་ཀྱི་འཆར་གཞིའི་གྲངས་ཀ་སྒོར་ཁྲི11743གྱི19.6%ལེགས་འགྲུབ་བྱུང་བ།སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་འགྲོ་སོང་སྒོར་ཁྲི5285ལེགས་འགྲུབ་བྱུང་བ་དང་།ལོ་སྟོད་ཀྱི་སྔོན་རྩིས་གྲངས་ཀ་སྒོར་ཁྲི18939ཡི28%ལེགས་འགྲུབ་བྱུང་བ། ཟླ1པོ་ནས་6པའི་བར་ཆུས་ཡོངས་ཀྱིས་སྤྱིའི་ཐོན་ཚད་རིན་ཐང་སྒོར་ཁྲི98240མངོན་འགྱུར་བྱུང་ཞིང་།འདིའི་ཁྲོད་དུ། བཟོ་ལས་སྤྱིའི་ཐོན་ཚད་རིན་ཐང་སྒོར་ཁྲི53205དང་། ཐོན་ལས་གསུམ་པའི་ལས་གཉེར་ཡོང་འབབ་སྒོར་ཁྲི79080མངོན་འགྱུར་བྱུང་བ།ཟླ1པོ་ནས་5པའི་བར་རྒྱ་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་སྒོར་ཁྲི11019འཕར་བ་དེ་དུས་མཚུངས་ལས་5%མར་ཆག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག