མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ལུས་རྩལ་པས་ཞིང་ཆེན་ལུས་རྩལ་འགྲན་བསྡུར་ཐོག་བྱ་དགའ་སྣ་མང་བླངས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-18 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་སྐབས་བཅུ་བཞི་པའི་ལུས་རྩལ་འགྲན་བསྡུར་གྱི་ཐོག་ཏུ། རང་ཁུལ་གྱི་ལོ་ན15ལོན་པའི་ལུས་རྩལ་པ་ཆིན་ཞིང་དབྱིན་གྱིས་གཞོན་ནུ་ཚོ་ཆུང་གི་ཕིང་ཕང་སྤོ་ལོའི་འགྲན་བསྡུར་ཚོ་ཁག་དང་པོའི་སྐྱེ་པས་རྐྱང་རྒྱག་གི་ཨང་དང་པོའི་བྱ་དགའ་བླངས་པ། དེ་ནི་རང་ཁུལ་གྱི་སྐབས་འདིའི་ལུས་རྩལ་འགྲན་བསྡུར་ཐོག་ཏུ་བླངས་པའི་གསེར་གྱི་བྱ་དགའ་ཨང་དང་པོ་རེད། ཝང་ཆིའུ་སྤོ་ལོའི་གཞོན་ནུ་ཚོ་ཆུང་གི་འགྲན་བསྡུར་ནང་དུ། རང་ཁུལ་གྱི་ལུས་རྩལ་པ་བློ་བཟང་གཡང་འཛོམས་ཀྱིས་བུད་མེད་ཚོ་ཆུང་དང་པོ་རྐྱང་རྒྱག་ཨང་གཉིས་པའི་བྱ་དགའ་བླངས་པ། ལའོ་ཡུས་པའོ་དང་སངས་རྒྱས་ཚེ་རིང་གིས་སྐྱེ་པའི་ཚོ་ཆུང་གཉིས་པ་ཆ་རྒྱག་གི་ཨང་གསུམ་པའི་བྱ་དགའ་བླངས་པ།

གཞོན་ནུ་ཚོ་ཆུང་གི་ཝང་ཆིའུ་སྤོ་ལོའི་འགྲན་བསྡུར་དུ། རང་ཁུལ་གྱི་ལུས་རྩལ་པས་ད་དུང་བུད་མེད་ཚོ་ཆུང་གཉིས་པའི་ཚོགས་པའི་ཨང་དྲུག་པའི་བྱ་དགའ་དང་བུད་མེད་ཚོ་ཆུང་དང་པོའི་ཨང་ལྔ་པའི་བྱ་དགའ་བཅས་གྲུབ་འབྲས་ཡག་པོ་ཐོབ་ཡོད།

དེ་རྗེས་ཀྱི་འགྲན་བསྡུར་དུ་རང་ཁུལ་གྱི་ལུས་རྩལ་པས་ད་དུང་སྐྱེ་པ་དང་བུད་མེད་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་དང་། ཁུ་ཚུར་སྣུན་རྩལ། མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་བཅས་འགྲན་བསྡུར་རིགས་ཆེན་པོ་གསུམ་སུ་ཞུགས་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག