མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཆར་ལྡན་བུ་བཙའི་ཞབས་ཞུ་ཁྱིམ་དུ་སྐྱེལ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-18 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་འཆར་ལྡན་བུ་བཙའི་ཞབས་ཞུ་ས་ཚིགས་ཀྱིས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ནས་བྲག་ཞབས་དང་ཐང་སྟེང་།ཡུན་ལིན། ཡན་མོན་དུ་སྦྲུམ་འགོག་སྤུས་ལེགས་ཞབས་ཞུ་དང་རིན་མི་ལེན་པའི་སྐྱེ་མཚན་བདེ་ཐང་བརྟག་དཔྱད།རིན་མི་ལེན་པའི་མངལ་མ་སྦྲུམ་པའི་སྔོན་གྱི་ལེགས་བཙའི་བདེ་ཐང་བརྟག་དཔྱད་སོགས་ལག་རྩལ་ཞབས་ཞུའི་བྱེད་སྒོ་སྒྲུབ་པ་རེད།

ས་ཚིགས་འདིའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས།“གཞི་རིམ་དུ་ཕྱོགས་པ་དང་། ཤང་གྲོང་དུ་ཟབ་ཞུགས།སྒོ་མདུན་དུ་ཞབས་ཞུ། དམངས་ལ་ཕན་བདེ་སྤྲོད་པའི་”ཞབས་ཞུའི་དམིགས་ཡུལ་གཞིར་བཟུང་ནས། ལག་རྩལ་ཞབས་ཞུའི་ལས་ཀའི་ཁྲོད་རིན་མི་ལེན་པའི་སྒོ་ནས་སྨན་བཅོས་བྱེད་པ་དང་།ངོ་ཐུག་གདོང་འཕྲད་ཀྱིས་འཆར་ལྡན་བུ་བཙའི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། རྒྱུན་སྡོད་མི་སྣ་དང་རྒྱུན་སྡོད་མིན་པའི་མི་སྣར་འདྲ་མཉམ་གྱི་ཞབས་ཞུ་བྱས་ཡོད་དེ།གྲོང་སྡེའི་འཆར་ལྡན་བུ་བཙའི་དྲིལ་བསྒྲགས་མི་སྣ་དང་ཆ་འཕྲིན་མི་སྣས་སྒོ་མདུན་དུ་སོང་ནས་རིན་མི་ལེན་པའི་སྒོ་ནས་སྨན་བྱད་གནང་བ་དང་ཞིབ་ཕྲའི་ངང་འབྲེལ་ཡོད་ཀྱི་འདྲི་རྟོག་ལ་དྲིས་ལན་བཏབ་པ་རེད།

མངལ་མ་སྦྲུམ་པའི་སྔོན་གྱི་ལེགས་བཙའི་བདེ་ཐང་བརྟག་དཔྱད་བྱེད་པའི་ཁྲོད་དུ།འཆར་ལྡན་ཞབས་ཞུ་ས་ཚིགས་ཀྱིས་ཁྱོན་བསྡོམས་སྨན་རྫས་སྒམ་60དང་བྱམས་བརྩེའི་བྱང་བུ་145 སྦྲུམ་འགོག་སྨན་བྱད་2000 ཕྲུ་གུའི་གྱོན་པ་དང་ཉལ་ཐུལ་ཆུང་ངུ20གནང་བ་དང་། སྐྱེ་འཕེལ་བདེ་ཐང་རིན་པ་མི་ལེན་པའི་བརྟག་དཔྱད་བྱེད་མཁན་240་དང་མོ་ནད་ཚན་ཁག་གི་Bཁྲའོ་བརྟག་དཔྱད་བྱེད་མཁན176 གྲང་བ་དཀར་པོའི་རྒྱུན་སྲོལ་བརྟག་དཔྱད་བྱེད་མཁན་162 འཆར་ལྡན་སྲིད་ཇུས་དང་འཚམ་པའི་བཟའ་ཚང21ལ་རིན་པ་མི་ལེན་པའི་སྒོ་ནས་མངལ་མ་སྦྲུམ་སྔོན་གྱི་ལེགས་བཙའི་བདེ་ཐང་བརྟག་དཔྱད་བྱས་པ་དང་།ལོ་མའི་སྐྱུར་རྒྱུ་དམ་བི120འགྲེམ་ཞིང་། མངལ་མ་སྦྲུམ་སྔོན་གྱི་ལེགས་བཙའི་བདེ་ཐང་ཁྱིམ་ཚང་གི་ཡིག་ཚགས་བཀོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག