མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་གླ་གཏོང་རླངས་འཁོར་གྱི་ཚོང་ར་ཚད་ལྡན་དུ་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-18 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “ད་ལྟ་གླ་གཏོང་རླངས་འཁོར་གྱིས་རིན་གོང་རྩིས་པའི་འཕྲུལ་ཆས་སྤྱོད་ཡོད་དེ། ངས་རླངས་འཁོར་སྡོད་གླ་སྤྲད་དུས་ཐེ་ཚོམ་མེད”ལྷོ་ཕྱོགས་གློག་དྲ་རུ་ལས་ཀ་བྱེད་པའི་བུད་མེད་ཀྲང་ལགས་ཀྱིས་དེ་འདྲ་བཤད་བྱུང་།

མོས་ངོས་སྤྲོད་བྱས་པར་གཞིགས་ན། མོའི་ལས་ཁུངས་དང་གྲོང་ཁྱེར་གྱི་བར་ཐག་ཅུང་རིང་བས། རྒྱུན་དུ་གླ་གཏོང་རླངས་འཁོར་སྡོད་དགོས་ལ། སྔ་མར་གླ་གཏོང་རླངས་འཁོར་ལ་རིན་གོང་རྩིས་པའི་འཕྲུལ་ཆས་སྒྲིག་སྦྱོར་བྱས་མེད་དེ། རླངས་འཁོར་སྡོད་གླ་ཁ་ལོ་བས་གང་དྲན་བླངས་དེ། ཚང་རེ་སྒོར10བླངས་པའམ་ཚང་རེ་སྒོར15བླངས་པའི་གནས་ཚུལ་ཡོད། ཐེངས་མང་པོ་ཞིག་རླངས་འཁོར་སྡོད་གླའི་རྐྱེན་གྱིས་མོས་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་དང་ཁ་རྩོད་བྱས་མྱོང་། ཡིན་ན་ཡང་ད་ལྟ་རིན་གོང་རྩིས་པའི་འཕྲུལ་ཆས་སྤྱོད་པས་རླངས་འཁོར་སྡོད་གླ་སྤྲོད་དུས་སེམས་ནང་དུ་ཐེ་ཚོམ་མེད་པ་རེད།

སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་གླ་གཏོང་རླངས་འཁོར་གྱི་སྡོད་གླ་གང་བྱུང་དུ་བླངས་པ་ནི་མང་ཚོགས་ཀྱི་བསམ་འཆར་མང་པོ་ཡོད་པའི་གནས་ཚུལ་གཅིག་ཡིན་པ། སྔ་མར་གླ་གཏོང་རླངས་འཁོར་ཐོག་རིན་གོང་རྩིས་པའི་འཕྲུལ་ཆས་སྤྲད་མྱོང་ཡང་ལས་ཀ་དེ་དོན་འཁྱོལ་ཡག་པོ་ཞིག་བྱས་ཐུབ་མེད་ནས། རིན་གོང་རྩིས་པའི་འཕྲུལ་ཆས་དངོས་སུ་བེད་སྤྱོད་བྱས་མེད་པ།

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་བ་ནས་བཟུང་། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་མང་ཚོགས་ཀྱི་ཆེད་དུ་བསམ་བློ་གཏོང་ཞིང་། ཡུན་ནན་ཞིང་ཆེན་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་རང་ཁུལ་དུ་འཚོག་རྒྱུའི་གོ་སྐབས་དམ་འཛིན་བྱས་ནས། མང་ཚོགས་ཀྱི་ཚང་མས་དོ་ཁུར་བྱེད་པ་མ་ཟད། སེམས་ཀྱི་ཉི་ཟླའི་རྣམ་པ་ལ་འབྲེལ་བ་དམ་པོ་ཡོད་པའི་གནས་ཚུལ་དེར་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་པའི་དམངས་ཕན་དོན་དངོས་བཅུའི་གྲས་སུ་བཞག་སྟེ། ནུས་ཤུགས་གང་ཡོད་འདོན་ནས་ཐག་གཅོད་བྱས་པ་རེད། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཁུལ་སྐྱེལ་འདྲེན་དོ་དམ་ཁྲུའུ་དང་མཉམ་དུ། སེམས་ཀྱི་ཉི་ཟླ་རྫོང་སྐྱེལ་འདྲེན་དོ་དམ་སུའོ་སྒྲིག་འཛུགས་བྱས་པ་དང་། ཁུལ་སྤུས་ཚད་ལྟ་སྐུལ་ཅུས་དང་། ཏ་ཏི་ཉེན་འགོག་འགན་ལེན་ཀུང་སི། གླ་གཏོང་རླངས་འཁོར་དོ་དམ་ལྟེ་གནས། ཅི་ཧྲུན་གླ་གཏོང་རླངས་འཁོར་ཀུང་སི་སོགས་དང་མཉམ་འབྲེལ་བྱས་ནས་སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་གྱི་ཆེད་དོན་ལེགས་སྒྲིག་བྱེད་སྒོ་བསྡུས་པ།

མིག་སྔའི་བར་དུ། གླ་གཏོང་རླངས་འཁོར260ལ་རིན་གོང་རྩིས་པའིའཕྲུལ་ཆས་སྒྲིག་སྦྱོར་བྱས་ཚར་བ་དང་། རླངས་འཁོར་ནང་གི་ཁ་གདན་གཅིག་གྱུར་དང་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ500ལྷག་གོས་གཅིག་གྱུར་བྱས་པ། ཤུགས་ཡོངས་ཀྱིས་གླ་གཏོང་རླངས་འཁོར་གྱི་རྙོག་འཛིང་གནས་ཚུལ་ལེགས་སྒྲིག་བྱས་ཏེ། གཙང་ཞིང་གྲ་འགྲིག་པོའི་ངང་ནས་ཞིང་ཆེན་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ལ་དགའ་བསུ་ཞུ་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག