མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་གཅིག་རྗེས་གཉིས་མཐུད་ངང་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-18 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན་སེམས་ཀྱི་ཉི་ཟླ་རྫོང་ཨུའི་འགོ་ཁྲིད་ཚོ་ཆུང་གིས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ་ནས་བཟུང་། རྫོང་དེའི་ཤང་དང་གྲོང་རྡལ་སོ་སོ། ལས་ཁུངས་སོ་སོས་འདང་ངེས་ཀྱིས་གྲ་སྒྲིག་བྱས་འོག ཏན་ཏིག་གིས་སྤྱོད་ཚུལ་ལེགས་སྒྲིག་བྱེད་པའི་དགོངས་དོན་དོན་འཁྱོལ་བྱས་ཏེ། གཅིག་རྗེས་གཉིས་མཐུད་ཀྱིས་དམངས་གཙོ་འཚོ་བའི་གྲོས་ཚོགས་འཚོགས།

དམངས་གཙོ་འཚོ་བའི་གྲོས་ཚོགས་ཡག་པོ་འཚོགས་པའི་ཆེད་དུ། སེམས་ཀྱི་ཉི་ཟླ་རྫོང་གི་རིམ་པ་ཁག་དང་སྡེ་ཁག་སོ་སོས་གྲོས་ཚོགས་སྔོན་གྱི་གྲ་སྒྲིག་འདང་ངེས་བྱས་ཤིང་། ཏན་ཏིག་གིས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཨུའི་དགོངས་དོན་དོན་འཁྱོལ་བྱས་ཏེ། སློབ་སྦྱོང་སློབ་གསོ་བྱ་རྒྱུ་དེ་སློབ་གསོ་དང་ལག་བསྟར་བྱེད་སྒོའི་བརྒྱུད་རིམ་ཡོངས་སུ་ཁྱབ་པར་རྒྱུན་འཁྱོངས་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རེ་རེ་བཞིན་སྟོན་པའི“སྤྱོད་ངན་བཞིའི་”གནས་ཚུལ་གྱི་མཚོན་སྟངས་རིགས25དང་། ཀྲུང་དབྱང་བྱེད་སྒོའི་གཞུང་ལས་ཁང་གིས་དབྱེ་བཞི་བྱས་པའི་གནས་ཚུལ་ཁག37 ཆིན་ཀོང་རུང་ཧྲུའུ་ཅི་ཡིས་སྟོན་པའི་སྣང་ཚུལ་ཁག25 དཔེ་མཚོན་རང་བཞིན་ལྡན་པའི་ཁྱད་ཆོས20 ཞིང་ཆེན་ཏང་ཨུའི་བྱེད་སྒོའི་གཞུང་ལས་ཁང་གིས་དབྱེ་བཞི་བྱས་ནས་མར་གཏོང་ཕྱོགས11གི“གནས་ཚུལ་ཞིབ་ཐོ”དོན་ཚན121བཅས་དང་ཞིབ་བསྡུར་སྐྱོན་བཤེར་བྱས་པ་དང་། གོམ་གང་མདུན་སྤོས་ཀྱིས་བྱ་ཐབས10སྤྱད་ནས་གནས་ཚུལ་འཚོལ་བའི་བླང་བྱ་དོན་འཁྱོལ་བྱས་ཤིང་། ཡང་དག་པ་དང་ཞིབ་མོའི་ངང་གནས་ཚུལ་འཚོལ་བ་དང་། གཏིང་ཟབ་ཀྱིས་སྙིང་གཏམ་བཤད་པའི་བྱེད་སྒོ་སྤེལ་ཏེ། ཏན་ཏིག་གིས་ཞིབ་བསྡུར་སྐྱོན་བཤེར་ཡིག་ཆ་བྲིས་པ་རེད།

གཞན་ཡང་། ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་འཚོགས་པའི་བརྒྱུད་རིམ་ཡོངས་སུ་ཞུགས་ཤིང་། ཤང་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་གིས་ནན་པོའི་ངང་གྲོས་ཚོགས་འཚོགས་ཡོད་མེད་དང་། དངོས་སུ་སྐྱོད་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་ཡོད་མེད་སོགས་ལ་ལྟ་སྐུལ་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག