མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་དཔལ་འབྱོར་གོང་འཕེལ་ལ་བརྟེན་ནས་དམངས་འཚོར་ཁེ་ཕན་གཏོད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-08-18 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་གོང་འཕེལ་གྱི་བརྗོད་བྱ་གཙོ་བོ་འབུར་དུ་ཐོན་ཞིང་། དཔལ་འབྱོར་གོང་འཕེལ་གྱི་ལྟེ་བ་དམ་པོར་འཛིན་ཏེ། བསམ་བློ་བཅིངས་འགྲོལ་དང་། འདུ་ཤེས་གསར་པར་བརྗེ་བ། སྤྱོད་ཚུལ་སྒྱུར་བ། དོན་དངོས་གྲུབ་པ། ལས་གྲྭ་ལག་བསྟར་ལ་དམ་པོར་འཛིན་ནས། དཔལ་འབྱོར་བདེ་བླག་དང་མགྱོ གས་ཙམ་གོང་དུ་འཕེལ་བ་དང་གོང་འཕེལ་གྱི་གྲུབ་འབྲས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་ཕན་ཐོགས་པར་བྱས་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། ལོ་སྟོད་དུ། འབའ་ལུང་རྫོང་གིས་སྤྱིའི་ཐོན་ཚད་རིན་ཐང་སྒོར་ཁྲི127714ལེགས་གྲུབ་བྱུང་བས། དུས་མཚུངས་ལས13%འཕར་བ། དེའི་ནང་ལ་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་ཁྲི14651ལེགས་གྲུབ་བྱུང་བས། དུས་མཚུངས་ལས5.8%འཕར་བ། ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་ཁྲི41193ལེགས་གྲུབ་བྱུང་བས། དུས་མཚུངས་ལས16%འཕར་བ། ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་ཁྲི71870ལེགས་གྲུབ་བྱུང་བས། དུས་མཚུངས་ལས12.8%འཕར་བ།

དཔལ་འབྱོར་གོང་འཕེལ་གྱིས་རྒྱ་ཆེ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་ཕན་ཐོགས་པ། ལོ་སྟོད་དུ། རྫོང་དེའི་སྡོད་མི་མི་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་འབབ་སྒོར་ཁྲི2624.61ཟིན་པས། དུས་མཚུངས་ལས13.35%འཕར་བ། དེའི་ནང་ལ་གྲོང་ཁྱེར་དང་གྲོང་རྡལ་སྡོད་མི་མི་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་འབབ་སྒོར་ཁྲི9137.33ཟིན་པས། དུས་མཚུངས་ལས10.19%འཕར་བ། གྲོང་གསེབ་སྡོད་མི་མི་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་འབབ་སྒོར་ཁྲི2014.06ཟིན་པས། དུས་མཚུངས་ལས13.53%འཕར་བ་རེད།

གླ་ཕོགས་ཡོང་འབབ་ལ་གྲོང་གསེབ་སྡོད་མིའི་ཡོང་འབབ་འཕར་བའི་གྲུབ་ཆ་གཙོ་བོ་གསར་པ་ཞིག་ཏུ་གྱུར་ཡོད། ལོ་སྟོད་དུ་གྲོང་གསེབ་སྡོད་མི་མི་རེའི་ཆ་སྙོམས་ཀྱི་གླ་ཕོགས་ཡོང་འབབ་སྒོར་ཁྲི876.39ཟིན་པས། གྲོང་གསེབ་སྡོད་མི་མི་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་འབབ་ཀྱི 43.51%ཟིན་ཏེ། ན་ནིང་དུས་མཚུངས་ལས་སྒོར་ཁྲི98.69སྟེ 12.69%འཕར་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག