མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་འགན་སྲུང་སྡོད་ཁང་གཞིས་ཁུལ་ལ་མཁའ་འགྲོ་ཁྱིམ་གཞིས་ཞེས་མིང་བཏགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-08-15 10:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་གཙོ་སྐྱོང་འོག འབྲེལ་ཡོད་འགོ་ཁྲིད་དང་ཆེད་ལས་མཁས་པས་གྲོས་མོལ་ཐེངས་མང་པོ་བྱས་རྗེས། བདེ་ཆེན་ཁུལ་གྱི་འགན་སྲུང་སྡོད་ཁང་གཞིས་ཁུལ་ལ་མཁའ་འགྲོ་ཁྱིམ་གཞིས་ཞེས་མིང་བཏགས་པ་རེད།

ཤེས་གསལ་བྱུང་དོན། དུས་ཡུན་རིང་པོ་ཞིག་ཏུ་རང་ཁུལ་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་སྡོད་ཁང་གི་དཀའ་ངལ་ཡོད། ཁོ་ཚོའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཞིང་བོད་ཁུལ་གྱི་འཆམ་མཐུན་སྤྱི་ཚོགས་འཛུགས་ཆེད། ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་པ་བརྒྱུད་ནས། རང་ཁུལ་གྱིས་རྒྱལ་ཐང་གྲོང་རྡལ་མཆོད་རྟེན་དཀར་པོའི་ས་ཁུལ་དུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས། ལས་གྲྭ་དེས་ས་ཆ་མུའུ200སྤྱོད་ཡོད་ལ། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ160320ཟིན་པ། སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ151420ཟིན་ཏེ། ཁང་པ2766ཡོད་པ་དང་ལྗང་འགྱུར་གྱི་ཚད37%ཟིན་པ། ད་དུང་དེ་དང་མཐུན་པའི་བྱིས་པའི་ཁང་དང་། སྤྱི་པའི་ཞབས་ཞུ་བྱེད་ཡུལ། ཐང་ཆེན་སོགས་བསྐྲུན་ཡོད། ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་ནན་པོའི་ངང་སྒྲིག་འཛུགས་བྱས་འོག མིག་སྔར་གྱི་བར་དུ་སྡོད་ཁང་གི་ཆ་རྐྱེན་དང་མཐུན་པའི་ཁང་པ812ཡོད་ལ། 《བདེ་ཆེན་ཁུལ་གྱི་སྤྱི་པའི་སྡོད་ཁང་བོགས་མ་གཏོང་ལེན་དོ་དམ་བྱ་ཐབས(ཚོད་ལྟ)》ཀྱི་འབྲེལ་ཡོད་དོན་ཚན་ལ་གཞིགས་ཏེ། “ཞིབ་བཤེར་ཐེངས་གསུམ་དང་ཡོངས་བསྒྲགས་ཐེངས་གཉིས་བྱེད་པའི”རྩ་དོན་བརྒྱུད་ནས། ཁྱིམ་ཚང་འབོར་ཐེངས་གསུམ་རྒྱན་རྒྱག་ནས་བོགས་མ་གཏོང་བའི་ལས་ཀ་བཀོད་སྒྲིག་བྱས་ཚར།

མིག་སྔར་གྱི་བར་དུ། གཞིས་ཁུལ་དེའི་དུས་སྐབས་དང་པོའི་འབོར་ཐེངས་གསུམ་ལ་བསྡོམས་ཏེ་དུད་ཁ235དེའི་ནང་དུ་སྤོ་ཡོད་ལ། གཞིས་ཁུལ་གྱིས་ད་དུང་རྡོ་མཁར་རྫོང་གི་མེ་སྐྱོན་ཁྲོད་གནོད་ཐེབས་པའི་དུད་ཁ24ལ་གནས་སྐབས་བདེ་འཇགས་བཀོད་སྒྲིག་ཁང་པ་མཁོ་སྤྲོད་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག