མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་ལའོ་ཏེན་གནོད་ཐེབས་ས་ཁུལ་ལ་བྱམས་སེམས་ཕུལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-15 10:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གནོད་འཚེ་ལ་སྙིང་རྗེ་མེད་རུང་། མི་ཡུལ་དུ་སྙིང་རྗེ་ཡོད་ཞེས་པའི་དཔེ་ལྟར། ཡུན་ནན་ཧྲའོ་ཐོན་ཁུལ་ལའོ་ཏེན་ས་ཁུལ་དུ་ས་འགུལ་བྱུང་རྗེས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་རང་ནུས་ཅི་ལྕོགས་ཀྱིས་གནོད་ཐེབས་ས་ཁུལ་ལ་བྱམས་སེམས་ཕུལ་བ་དང་།  གནོད་ཐེབས་ས་ཁུལ་གྱི་མང་ཚོགས་དང་ལྷན་དུ་དཀའ་ཁག་མཉམ་ཁུར་བྱས་ཏེ་མཛེས་སྡུག་གི་ཁྱིམ་གཞིས་གསར་བ་འཛུགས་སྐྲུན་བྱེད་པའི་ལས་སུ་ཞུགས། བདེ་ཆེན་ཁུལ་ཏང་ཨུའི་སྡེ་ཁག་སོ་སོ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་བཟོ་བ400ལྷག་གིས་ཞལ་འདེབས་མ་དངུལ་སྒོར་ཁྲི50210དང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་ཏང་ཀྲུ་པུའུ་ཡི་ཏང་ཡོན་ཡོངས་དང་ཚགས་པར་ཁང་གི་ཁོངས་གཏོགས་ཁེ་ལས་དང་ཏང་ཡོན་བཅས་ཀྱིས་ཞལ་འདེབས་མ་དངུལ8600།  འབའ་ལུང་རྫོང་མི་དམངས་ཁྲིམས་ཁང་གི་ཉེན་རྟོག་པ52ཀྱིས་ཞལ་འདེབས་མ་དངུལ་སྒོར6200བཅས་ལའོ་ཏེན་གནོད་ཐེབས་ས་ཁུལ་ལ་ཕུལ།

ཁ་སང་ཕྱི་དྲོར། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་ལའོ་ཏེན་གནོད་ཐེབས་ས་ཁུལ་ལ་བྱམས་སེམས་ཕུལ་བའི་བྱ་འགུལ་ཁུལ་སྲིད་གཞུང་དུ་སྤེལ་བ་དང་།  སྲིད་གཞུང་གི་སྡེ་ཁག17གྱི་ལས་བྱེད་མི་སྣ200ལྷག་བྱམས་སེམས་ཕུལ་བའི་བྱ་འགུལ་ལ་ཞུགས།  ཉིན་དེའི་ཕྱི་དྲོར་གནོད་ཐེབས་ས་ཁུལ་ལ་བསྡོམས་པས་མ་དངུལ་སྒོར་ཁྲི76430ཕུལ།
ཟླ8པའི་ཚེས11ཉིན། དྲག་ཆས་ཉེན་རྟོག་བདེ་ཆེན་ཁུལ་ཡན་ལག་རུ་ཁག་གིས་ལའོ་ཏེན་གནོད་ཐེབས་ས་ཁུལ་ལ་བྱམས་སེམས་ཕུལ་བའི་བྱ་འགུལ་སྤེལ་ཞིང་། བྱ་འགུལ་སྤེལ་བའི་མཛད་སྒོ་སྟེང་། དཔོན་དམག་ཡོངས་རུ་ཁག་ཏང་ཨུའི་གཙོ་འཛིན་གྱིས་སྣེ་ཁྲིད་འོག  ལས་ཁུངས་དང་གཞི་རིམ་གྱི་གོ་རིམ་ལྟར་བྱམས་སེམས་ཕུལ་བ་དང་། ཞལ་འདེབས་མ་དངུལ་སྒོར་ཁྲི6ལྷག་ཕུལ།
ཉེ་ཆར། བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གནམ་གྲུ་ཐང་གིས་གུང་གསེང་གི་དུས་ཚོད་བེད་སྤྱད་དེ།  ལས་བཟོ་བ་ཡོངས་རྩ་འཛུགས་བྱས་ནས་ལའོ་ཏེན་གནོད་ཐེབས་ས་ཁུལ་ལ་བྱམས་སེམས་ཕུལ་བའི་མཛད་སྒོ་བསྡུས།  ལས་བཟོ་བ་ཡོངས་ཀྱིས་སྙིང་རྗེའི་ལག་ཟུང་རིང་མོ་བསྲེངས་ནས་བྱམས་སེམས་ཕུལ་བ་དང་བསྡོམས་པས་ཞལ་འདེབས་མ་དངུལ་སྒོར་ཁྲི2ལྷག་ཕུལ།  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག