མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-08-15 10:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ། གྲོང་གསེབ་གསར་པའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་རེད།

རྒྱ་ཁྱབ་ཏུ་དྲིལ་བསྒྲགས་སློབ་གསོ་བྱས་པ། གྲོང་གསེབ་ཏུ་སྡོད་པའི་ཁྲིད་སྟོན་པ་སོ་སོས་དྲིལ་བསྒྲགས་སློབ་གསོ་ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས། གྲོང་གསེབ་དང་གཞི་རིམ་སྡེ་ཁུལ། དགོན་པ་བཅས་ལ་ཟབ་ཞུགས་བྱས་ནས། ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་དང་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ། བསྡོམས་རྩིས་བྱས་པ་ལྟར། རྫོང་ཡོངས་ཀྱི་ཁྲིད་སྟོན་པས“སྟོང་སྐུལ་”བྱེད་སྒོ་ལ་བསྟུན་ནས། གྲོས་ཚོགས་དང་དྲིལ་བསྒྲགས་བྱེད་སྒོ་ཐེངས1222སྒྲིག་འཛུགས་བྱས་པ་དང་། དྲིལ་བསྒྲགས་སྦྱར་ཡིག་7202སྦྱར་བ། 《སྒྲོག་འགྲེལ་དཔྱད་ཡིག་ཕྱོགས་བསྒྲིགས》དེབ་1628པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས་པ།ཤང་དང་གྲོང་རྡལ་11གི་བྱེད་སྒོ་གཞུང་ལས་ཁང་གིས་སྔ་ཕྱི་སྡེབ་རྩིས་བྱས་པ་ལྟར་གསར་འགྱུར་གནད་བསྡུས་དུས་དེབ་221སྒྲིག་སྤེལ་བྱས་པ། རྫོང་བྱེད་སྒོའི་གཞུང་ལས་ཁང་གིས་གསར་འགྱུར་གནད་བསྡུས་དུས་དེབ་39སྒྲིག་སྤེལ་བྱས། བདེ་ཆེན་ཉིན་རེའི་ཚགས་པར་གྱི་ཆེད་བསྒྲིགས་ལེ་ཚན་ཐོག་དྲིལ་བསྒྲགས་ཐེངས་13བྱས་པ། བརྙན་འཕྲིན་གྱི་ཐོག་ཐེངས་2སྤེལ་གཏོང་བྱས་ཡོད།

ཧུར་ཐག་གིས་གནས་སྡོད་བྱེད་སའི་མང་ཚོགས་ཀྱི་གནད་དོན་ལ་རྒྱུས་ལོན་བྱས་ཏེ་རོགས་སྐྱོར་བྱེད་པ། ཁྲིད་སྟོན་པས་མང་ཚོགས་13259དང་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་4339ལ་འཚམས་འདྲི་ཞུས་ཤིང་། འཚམས་འདྲིའི་མ་དངུལ་སྒོར་ཁྲི51.75སྤྲད་པ། རྣམ་གྲངས་42དང་མ་དངུལ་སྒོར་ཁྲི428.5བརྩོན་ལེན་བྱས་ནས། དོན་བཟང་དང་དོན་དངོས་ཁྱོན་བསྡོམས་320བསྒྲུབས་པ།

འབོར་ཐེངས་བརྒྱད་པའི་གྲོང་གསེབ་གསར་པའི་ཁྲིད་སྟོན་པས་གྲོང་གསེབ་ཏུ་སྡོད་པའི་རྗེས་སུ། འབད་བརྩོན་གྱིས་ཞིང་གྲོང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱས་པ་དང་། ཧུར་ཐག་གིས་ས་གནས་ལ་ཞིང་གྲོང་གི་རྩོད་གཞི་ཁག་ཐག་གཅོད་བྱེད་རོགས་བྱས་ནས། ནུས་ལྡན་གྱིས་ཞིང་གྲོང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་གཏོང་བ།

ཧུར་ཐག་གིས་གཞི་རིམ་ཏང་གི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཞིང་གྲོང་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱིས་གཏིང་ཟབ་ཏུ“མཆོང་སྐྱོད་གདོང་ལེན་གྱི་བྱ་འགུལ”བསྡུས་པ་དང་“ཡུན་ལིང་གདོང་ལེན”ལས་གྲྭ་རྒྱ་ཆེར་སྐྱེད་པ་སོགས་ལ་རོགས་རམ་བྱས། ཁྲིད་སྟོན་པ་31གིས་རྗེས་ཐོན་དང་སྤྱིར་བཏང་གི་སྤྱི་ཁྱབ་ཀྲི་པུའུ་དང་ཀྲི་པུའུ་ཧྲུའུ་ཅིའི་ལས་གནས་འཛིན་པ། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལ་བསྟུན་པ་དང་། ཧུར་ཐག་གིས་མ་དངུལ་བརྩོན་ལེན་བྱས་ནས་ཞིང་གྲོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། སྔར་ལས་ལྷག་པར་ཞིང་གྲོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག