མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་དབུལ་སྐྱོར་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-15 10:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་གསལ་བྱུང་དོན།ལོ་སྟོད་དུ་། རྫོང་འདིས་རྒྱུན་མཐུད་ཀྱིས་དབུལ་སྐྱོར་གསར་གཏོད་བྱེད་ཚད་དང་མ་དངུལ་གཏོང་ཚད་མཐོ་རུ་བཏང་ནས། གོ་རིམ་ལྡན་པའི་ངང་2014ལོའི་དབུལ་སྐྱོར་ལས་ཀ་ཁག་ལ་སྐུལ་འདེད་གཏོང་བ་རེད།

རྫོང་འདིའི་དབུལ་སྐྱོར་གཞུང་ལས་ཁང་གིས་འབྲེལ་ཡོད་བརྡ་ཐོའི་བླང་བྱ་ལ་གཞིགས་ནས། 2013ལོ་འཁོར་གྱི་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱས་པ། སྔ་ཕྱི་ སྡེབ་རྩིས་བྱས་པར་ལྟར་ན་རྫོང་འདིས་སྣ་རིགས་ཁག་གི་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི19784.49བཏང་ཡོད།

ད་ལོའི་ལོ་སྟོད་དུ། རྫོང་འདིས་བོད་ཁུལ་གྱི་ཆེད་དམིགས་དབུལ་སྐྱོར་གསར་གཏོད་རྣམ་གྲངས་དང་སྐྱེ་ཁམས་གནས་སྤོས་ཡུལ་མིའི་རྣམ་གྲངས་ཀྱི་འཆར་གཞི་བཀོད་པ། རྣམ་གྲངས་ཀྱིས་གཡག་རྭ་ཤང་སོགས་ཤང་དང་གྲོང་རྡལ་4ཡི་སྲིད་འཛིན་གྲོང་སྡེ་6དང་། ཡུལ་མི་ཚོ་ཆུང་63 ཞིང་དུད་1326གི་མི་7333དུ་ཁེབས་ཡོད་ལ། མ་དངུལ་སྒོར་ཁྲི་4399.6གཏོང་ཡོད། རྐོང་རྩེད་ར་གྲོང་རྡལ་ལ་བཞི་གྲོང་སྡེ་སོགས་སྲིད་འཛིན་གྲོང་སྡེ་5རུ་གྲོང་སྡེ་ཡོངས་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་ལག་ལེན་བྱེད་པའི་འཆར་གཞི་འགོད་པ། སྲིད་འཛིན་གྲོང་སྡེ་རེར་གྲོང་སྡེ་ཡོངས་ལ་སྐུལ་འདེད་གཏོང་བའི་ཆེད་དམིགས་མ་དངུལ་སྒོར་ཁྲི100གཏོང་བ། ཡན་མན་ཤང་གིས་2014ལོའི་ཤང་ཡོངས་ལ་སྐུལ་འདེད་གཏོང་བའི་ཆད་སྤྱོད་ཁ་གསབ་མ་དངུལ་སྒོར་ཁྲི8525.36གཏོང་བ།

གཡག་རྭ་ཤང་སོགས་ཤང་དང་གྲོང་རྡལ་ཁག་4རུ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ལག་ལེན་བྱས་ནས། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་340གཏོང་བ། འབྲེང་ཐག་ཟམ་པར་སྒྱུར་བའི་རྣམ་གྲངས་ལ་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་319གཏོང་བ་རེད།

ད་ལོར་གནས་སྤོས་ཡུལ་མི་ལ་མ་དངུལ་སྒོར་ཁྲི8192.6གཏོང་བའི་འཆར་གཞི་བཀོད་པ་དང་། ཞིང་དུད་152དང་མི་600ཡི་ནོར་སྲིད་ཀྱི་གནས་སྤོ་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱེད་པ། མིག་སྔར་རྣམ་གྲངས་ཀྱི་མ་དངུལ་ཤང་དང་གྲོང་རྡལ་སོ་སོར་སྤྲད་ཡོད་ལ། རྣམ་གྲངས་དེ་ད་དུང་ལག་ལེན་བྱེད་བཞིན་ཡོད། རྫོང་འདིས་2013ལོའི་དབུལ་སྐྱོར་གྲོང་སྡེའི་རོགས་དངུལ་སྒོར་ཁྲི་100སྤྲོད་པ་རེད།

ད་ལོར་ཧུའུ་ཏན་རོགས་སྐྱོར་རྣམ་གྲངས་ཀྱིས་མ་དངུལ་སྒོར་ཁྲི2458གཏོང་བ་དང་། ཡུས་ཤིས་གྲོང་ཁྱེར་གྱིས་རོགས་སྐྱོར་མ་དངུལ་སྒོར་ཁྲི1300བཀོད་སྒྲིག་བྱས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག