མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་སྐྱེ་ཚལ་ཉམས་གསོ་ལ་དམ་འཛིན་བྱེད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-08-08 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རང་བྱུང་སྲུང་སྐྱོང་ལས་གྲྭ་དང་ཞིང་དོར་ནགས་སྤེལ་ལས་གྲྭ རི་ཞིང་སྐྱེ་ཚལ་ལེགས་བཅོས་བྱེད་པ་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། རང་ཁུལ་གྱི་སྐྱེ་ཚལ་ཁོར་ཡུག་ལ་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་རེད།

ལོ་ལྔ་ཚན་བཅུ་གཉིས་པ་ནས་བཟུང་། ཁུལ་ཡོངས་ལ་ནགས་བཟོའི་ལས་འགན་མུའུ་ཁྲི87.54ལེགས་འགྲུབ་བྱུང་ཞིང་། དེའི་ནང་མིའི་ཐབས་ཀྱིས་ནགས་ཚལ་མུའུ་ཁྲི་49.73བཟོ་བ། སྤྱི་ཕན་ནགས་ཚལ་གྱི་རི་རྒྱ་ནགས་གསོ་མུའུ་ཁྲི་37.81བཟོ་ཡོད། དམངས་ཡོངས་ཀྱི་འོས་འགན་ཤིང་སྡོང་ཁྲི་442.03ལེགས་འགྲུབ་བྱུང་།

རང་བྱུང་སྲུང་སྤྱོང་ལས་གྲྭའི་དུས་སྐབས་དང་པོའི་ཕན་ནུས་ཕྱོགས་བསྡུས་བྱེད་པའི་རྨང་གཞིའི་ཐོག རང་བྱུང་སྲུང་སྐྱོང་དུས་སྐབས་གཉིས་པའི་ལག་ལེན་བྱ་ཐབས་གཏན་འབེབས་བྱེད་པ། རིམ་བཞིན་ལས་འགན་ཆིངས་ཡིག་འཇོག་སྟེ། ཁུལ་ཡོངས་ཀྱི་མུའུ་ཁྲི2725.63གྱི་རང་བྱུང་ནགས་ཚལ་དོ་དམ་སྲུང་སྐྱོང་བྱེད་པའི་ལས་འགན་ཁུལ་ཡོངས་རྫོང་གསུམ་གྱི་རྒྱལ་ཁབ་ལ་དབང་བའི་ནགས་ར23དུ་དོན་འཁྱོལ་བྱས་ནས། རི་མི་ཡིས་དོ་དམ་བྱེད་པ་དང་ནགས་ཚལ་མི་ཡིས་སྲུང་སྐྱོང་བྱེད་པ། ཤིང་སྡོང་མི་ཡིས་ལྟ་སྐུལ་བྱེད་ཐུབ་པའི་ལས་འགན་བཅས་ལེགས་འགྲུབ་བྱུང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག