མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་ལུའུ་ཏན་ནས་བྱུང་བའི་ས་ཡུམ་ཁྲོད་མི589རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-08-08 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དམངས་སྲིད་པུའུ་ཡིས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ8པའི་ཚེས6ཉིན་གྱི་ཆུ་ཚོད10དང་སྐར་མ30བར། ས་ཡུམ་གྱིས་ཀྲའོ་ཐུང་གྲོང་ཁྱེར་གྱི་ལུའུ་ཏན་རྫོང་དང་། ཆའོ་ཅ་རྫོང་། ཀྲའོ་དབྱང་ཆུས། ཡུང་ཧྲན་རྫོང་། ཆུས་ཅིན་གྲོང་ཁྱེར་གྱི་ཧུའེ་ཙེ་རྫོང་གི་མི་ཁྲི108.84ལ་གནོད་སྐྱོན་ཐེབས་ཏེ། མི589རྐྱེན་ལམ་དུ་ཤོར་བ།(དེའི་ནང་དུ་ལུའུ་ཏན་རྫོང་གི་མི504དང་། ཆའོ་ཅ་རྫོང་གི་མི72 ཀྲའོ་དབྱང་ཆུས་ཀྱི་མི1 ཧུའེ་ཙེ་རྫོང་གི་མི12བཅས་ཡོད་པ་རེད།)མི9གང་སོང་མི་ཤེས་པ།(ཆའོ་ཅ་རྫོང་གི་མི9)མི2401རྨས་པ། མི22.97སྡོད་གནས་སྤོ་ཞིང་བདེ་འཇགས་བཀོད་སྒྲིག་བྱས་པ། དུད་ཁ་ཁྲི2.58ཀྱི་ཁང་པ་ཁྲི8.09རྡིབ་པ། དུད་ཁ་ཁྲི4.06གི་ཁང་པ་ཁྲི12.91ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ། དུད་ཁ་ཁྲི15.12ཀྱི་ཁང་པ་ཁྲི46.61ལ་གནོད་སྐྱོན་ཅུང་ཐེབས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག