མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཞིང་དོར་ནགས་སྤེལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྣམ་གྲངས་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-08 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ནན་ཏན་ངང་ཞིང་དོར་ནགས་སྤེལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྣམ་གྲངས་ཀྱི་དོ་དམ་ལ་ཤུགས་བསྣན་ཏེ། ལས་ཀ་ཁག་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་རྒྱུ་རེད།

2013ལོ་འཁོར་དུ། རང་ཁུལ་གྱིས་ཞིང་དོར་ནགས་སྤེལ་ལས་གྲྭས་མུའུ10000ལག་ལེན་བྱེད་པའི་འཆར་གཞི་བཀོད་པ། ད་ལོའི་ཟླ7པའི་ཟླ་མཇུག་ཏུ། ཁུལ་ཡོངས་ཀྱིས་ནགས་སྤེལ་རྩྭ་འཛུགས་མུའུ10000ལེགས་སྒྲུབ་བྱུང་ཞིང་། འཆར་གཞིའི100%ལ་ཟིན་པ། གཞི་རྩའི་བཟའ་འབྲུ་ཞིང་ཁ་མུའུ7895ལེགས་འགྲུབ་བྱུང་ཞིང་། འཆར་གཞིའི74%ལ་ཟིན་པ། རྫབ་རླངས་རྫིང་བུ200ལེགས་འགྲུབ་བྱུང་ཞིང་། འཆར་གཞིའི100%ལ་ཟིན་པ། ཉི་ནུས་ཆུ་སྐོལ་འཕྲུལ་ཆས་850སྒྲིག་སྦྱོར་བྱེད་དེ། འཆར་གཞིའི་68%ལ་ཟིན་པ། རྗེས་མཐུད་ཐོན་ལས་ཀྱི་གོང་སྤེལ་འདེབས་འཛུགས་ཀྱིས་མུའུ40000ལེགས་འགྲུབ་བྱུང་ཞིང་། འཆར་གཞིའི་100%ལ་ཟིན་པ། ལྷས་ར་སྨི་གྲུ་བཞི་4865ལེགས་འགྲུབ་བྱུང་ཞིང་། འཆར་གཞིའི་47%ལ་ཟིན་པ། སྔོ་གཟན་སྙོལ་དོང་སྨི་རང་སུམ་སྒྱུར་580ལེགས་འགྲུབ་བྱུང་ཞིང་། འཆར་གཞིའི་48%ལ་ཟིན་པ། གཟན་ཆག་གནས་གཞི་མུའུ927བཙུགས་ཏེ། འཆར་གཞིའི་28%ལ་ཟིན་པ། འཛུགས་སྣོན་དང་བཟོ་སྣོན་མུའུ5400ལེགས་འགྲུབ་བྱུང་ཞིང་།འཆར་གཞིའི་100%ལ་ཟིན་པ། ལག་རྩལ་གསོ་སྦྱོང་མི་1600ལེགས་འགྲུབ་བྱུང་ཞིང་། འཆར་གཞིའི་76%ལ་ཟིན་པ། སྐྱེ་ཚལ་གྱི་གནས་སྤོས་ཡུལ་མི་146ལེགས་འགྲུབ་བྱུང་ཞིང་འཆར་གཞིའི་100%ལ་ཟིན་པ། ལས་གྲྭ་ལག་ལེན་བྱེད་པའི་ཁྲོད་དུ། ཞིང་དོར་ནགས་སྤེལ་ལས་གྲྭ་དང་ནགས་ལས་ཐོན་ལས་ཀྱི་གོང་སྤེལ་ཟུང་འབྲེལ་བྱེད་པ་དང་། གཙོ་བོ་ནི་སྟར་ཀ་སོགས་གོང་སྤེལ་འབྱུང་འགྱུར་གྱི་གནས་ཚུལ་ཡག་པོ་ཡོད་པའི་ཤིང་སོན་ལ་འདེམས་པ་རེད།

དུས་མཚུངས་སུ། སྲིད་ཇུས་ཀྱི་ཁ་གསབ་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་ནས། རྣམ་གྲངས་ལག་ལེན་བྱེད་སའི་མང་ཚོགས་ཀྱིས་སྐྱེ་ཚལ་སྲུང་སྐྱོང་བྱས་ཏེ་ཕན་ནུས་ཐོབ་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག