མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཆུ་འབྲུབ་པའི་དུས་སྐབས་ཀྱི་ཡུལ་སྐོར་བདེ་འཇགས་ལ་ཤུགས་བསྣན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-08 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཆུ་འབྲུབ་པའི་དུས་སྐབས་སུ་འབྱོར་བའི་ཚུལ་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ཆུ་འབྲུབ་པའི་དུས་སྐབས་ཀྱི་བདེ་འཇགས་ལ་སྔོན་འགོག་བྱེད་པའི་འདུ་ཤེས་མཐོ་རུ་བཏང་བ་དང་། སྐོར་ཞིབ་བྱེད་ཤུགས་མཐོ་རུ་བཏང་བ། མཁོ་བསྟུན་བྱ་ཐབས་འཐུས་ཚང་དུ་བཏང་བ། ནན་ཏན་གྱིས་ཡུལ་སྐོར་བདེ་འཇགས་ཀྱི་ལས་འཛོལ་བྱུང་བར་སྔོན་འགོག་བྱས།

འབོར་དུ་ཐོན་པས་ཆུ་འབྲུབ་པར་སྔོན་འགོག་བྱེད་པའི་འགན་ཁུར་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བའི་དུས་མཚུངས་སུ། གཏིང་ཟབ་ཀྱིས་ཆུ་འབྲུབ་པའི་དུས་སྐབས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱས་པ་དང་། འགན་ཁུར་གསལ་འབེབས་བྱས་པ། ཆུ་འབྲུབ་པར་སྔོན་འགོག་བྱེད་པའི་འགན་ཁུར་གྱི་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་བཙུགས་ནས། འགན་ཁུར་ཁག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས། ལྗོངས་ཁུལ་སོ་སོས་རང་ཉིད་ཀྱི་དོན་དངོས་ལ་གཞིགས་ནས། སྔོན་འགོག་བྱ་ཐབས་ཁག་བདག་བཅོས་དང་འཐུས་ཚང་དུ་བཏང་ཞིང་། བྱ་ཐབས་ཀྱི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་མཐོ་རུ་གཏོང་བ། གནད་ཆེའི་ཉེན་ཁའི་འབྱུང་ཁུངས་ཀྱི་ལྟ་སྐྱོང་སོགས་སྔོན་འགོག་བྱ་ཐབས་དང་ལས་ཀ་སྒྲུབ་ཚུལ་གཏན་འབེབས་དང་དོན་འཁྱོལ་བྱས་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ལེབ་བཤེར་བྱེད་པའི་བདག་སྐྱོང་བྱེད་ཚད་མཐོ་རུ་བཏང་བ། ནན་ཏན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་ཁུར་ལམ་ལུགས་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་། ལས་བྱེད་པས་བདེ་འཇགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ལས་བྱེད་པའི་སྐྱོན་འགོག་ནུས་ཤུགས་མཐོ་རུ་བཏང་།

དུས་མཚུངས་སུ། ལྗོངས་ཁུལ་སོ་སོས་ད་དུང་བདེ་འཇགས་ཐོན་སྐྱེད་དེ་དུས་རྒྱུན་གྱི་ལས་ཀར་བཞག་པས། ཟླ་རེ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་གྲོས་ཚོགས་འཚོགས་པ་དང་། བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་ཟུར་བཙུགས་རྩིས་ཁྲ་དང་། མངོན་མེད་རྐྱེན་ངན་ལེགས་བཅོས་ལེབ་བཤེར་བྱེད་པའི་ཟུར་བཙུགས་རྩིས་ཁྲ་སོགས་བཙུགས་པ། ཟླ་རེ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་སྦྱོང་བརྡར་སོགས་བྱས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག