མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ལོ་སྟོད་བདེ་ཆེན་ཁུལ་གྱི་ཚོང་འགུག་དངུལ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་62ཟིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-05 10:57

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ལ་བརྟན་པོའི་ངང་འཕེལ་བའི་གནས་བབ་རྒྱུན་འཁྱོངས་ཐུབ་སྟེ།དུས་ཚོད་ཕྱེད་ཙམ་བརྒལ་ཞིང་ལས་འགན་ཡང་ཕྱེད་ཙམ་གྲུབ་ཡོད་དེ།དངོས་སུ་དམིགས་སར་འབྱོར་བའི་ཁུལ་ཕྱིའི་མ་དངུལ་སྒོར་དུང་ཕྱུར་62.74ཟིན་པ་དེ་།དུས་མཚུངས་ལས་12.29%འཕར་ཡོད།

ལོ་སྟོད།རིམ་པ་ཁག་གི་ཚོང་འགུག་དངུལ་འདྲེན་སྡེ་ཁག་གིས་ལས་ཀའི་བསམ་ལམ་མུ་མཐུད་དུ་གསར་གཏོད་བྱས་པ་དང་ཐབས་ལམ་སྣ་མང་ལ་བརྟེན་ནས་ཚོང་འགུག་དངུལ་འདྲེན་བྱས་པ་དང་།ཕྱོགས་ཡོངས་བཏོན་ཏེ་རྣམ་གྲངས་ཁག་དོན་འཁྱོལ་བྱས་པས།ཁུལ་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཅིང་ཁུལ་ཕྱིའི་མ་དངུལ་གྱི་ནང་འདྲེན་ཐད་སྤྱི་ཁོག་ནས་བརྟན་པོའི་ངང་འཕེལ་བའི་གནས་བབ་རྒྱུན་འཁྱོངས་བྱས་པ་རེད།བསྡོམས་རྩིས་ལྟར་ན།ཟླ་1ནས་ཟླ་6པའི་བར་དུ།ཁུལ་ཡོངས་སུ་གསར་དུ་འགོད་པ་དང་སྔ་ལོར་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་སྤོ་བའི་རྒྱལ་ནང་གི་དཔལ་འབྱོར་མཉམ་ལས་རྣམ་གྲངས་ཁག་159ཡོད་ལ།དངོས་སུ་ཕྱི་རྒྱལ་མ་དངུལ་གྱི་རྣམ་གྲངས་ཁག་2བེད་སྤྱོད་བྱས་ཤིང་།ལོ་འགོར་སྤྲོད་པའི་ལས་ཀའི་དམིགས་ཡུལ་ལས་འགན་སྒོར་དུང་ཕྱུར་120ཡི་52.28%གྲུབ་ཡོད།དེའི་ནང་ལས།དངོས་སུ་ནང་འདྲེན་བྱས་པའི་ཞིང་ཆེན་ཕྱིའི་མ་དངུལ་སྒོར་དུང་ཕྱུར་48.72%དམིགས་སར་འབྱོར་ཡོད་དེ།ན་ནིང་གི་དུས་མཚུངས་ལས་9.85%འཕར་ཡོད་ལ།ཞིང་ཆེན་སྲིད་གཞུང་གིས་ལོ་འགོར་སྤྲོད་པའི་དཔྱད་ཞིབ་ཀྱི་དམིགས་ཡུལ་ལས་འགན་སྒོར་དུང་ཕྱུར་105ཡི་46.40%གྲུབ་ཡོད།

ནང་དོན་གྱི་ཐོག་ནས་བལྟས་ན།པེ་ཅིན་དང་ཀྲེ་ཅང་།སི་ཁྲོན།ཧྥུ་ཅན་བཅས་ཀྱི་དམིགས་སར་འབྱོར་བའི་མ་དངུལ་ནི་ཞིང་ཆེན་ཕྱིའི་མི་སྣས་བདེ་ཆེན་ལ་འཇོག་པའི་དམིགས་སར་འབྱོར་བའི་མ་དངུལ་གྱི་སྔོན་མའི་ཨང་བཞི་པའི་ནང་དུ་གནས་ཡོད།རྣམ་གྲངས་ཀྱི་ཐོག་ནས་བལྟས་ན།ཆུ་གློག་གསར་སྤེལ་རྣམ་གྲངས་དེ་སྔར་བཞིན་ཁུལ་ཡོངས་ཀྱི་ཕྱི་རོལ་ནས་ཡོང་བའི་མ་དངུལ་གཏོང་འཇོག་ཁེ་ལས་ཀྱི་ལས་རིགས་ཀྱི་གཙོ་བོར་གྱུར་ཡོད།ལོ་སྟོད།ཆུ་གློག་གསར་སྤེལ་རྣམ་གྲངས་ཀྱི་དམིགས་སར་འབྱོར་བའི་མ་དངུལ་ནི་སྒོར་དུང་ཕྱུར་32.45ཟིན་པ་དེ།ཁུལ་ཡོངས་ཀྱི་དངོས་སུ་དམིགས་སར་འབྱོར་བའི་ཁུལ་ཕྱིའི་མ་དངུལ་གྱི་52%ལ་ཟིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག