མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

མཐའ་ཆུ་རས་པའི་རྒྱུན་འཛིན་དཔེ་སྟོན་གྲོང་པའི་རྣམ་གྲངས་ལས་འགོ་བརྩམས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-04 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས22ཉིན། ཡུན་ནན་དམངས་སྲོལ་འཆར་གཞིའི་ནང་གསེས་ཏེ་འབའ་ལུང་མཐའ་ཆུ་གྲོང་གི་བོད་ཀྱི་རས་པའི་རྒྱུན་འཛིན་དཔེ་སྟོན་གྲོང་པའི་རྣམ་གྲངས་ལས་འགོ་བརྩམས་པའི་འཛད་སྒོ་དེ་མཐའ་ཆུ་གྲོང་གི་རིག་གནས་ཐང་ཆེན་དུ་བྱས་པ། ཡུན་ནན་དམངས་སྲོལ་འཆར་གཞིའི་ཆེད་མཁས་མཛུབ་སྟོན་ཚོགས་ཆུང་དང་། འབའ་ལུང་རྫོང་རིག་གནས་ཐོན་ལས་གཞུང་ལས་ཁང་། མཐའ་ཆུ་གྲོང་རྡལ་ཏང་ཨུ་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བ་མཛད་སྒོར་ཞུགས་པ་དང་། མཐའ་ཆུ་གྲོང་རྡལ་གྱི་རས་པའི་རྒྱུན་འཛིན་པ300ལྷག་མཛད་སྒོར་ཞུགས་པ་རེད།

གོ་རྟོགས་ལྟར་ན། དམངས་སྲོལ་རྒྱུན་འཛིན་འཆར་གཞི་ཞེས་པ་ནི་ཞིང་གྲོང་གི་རིག་གནས་རྒྱུན་འཛིན་བྱེད་པའི་འཆར་གཞི་ཞིག་ཡིན་ལ། མི་རིགས་རིག་གནས་འཛུགས་བསྐྲུན་ཨར་ལས་ཤིག་ཀྱང་ཡིན། དེའི་དམིགས་ཡུལ་ནི་གྲོང་པའི་ནང་གི་གཞོན་ནུར་དམིགས་ནས་མེད་ལ་ཁད་པའི་མི་རིགས་རིག་གནས་ཀྱི་ཐོན་ཁུངས་དག་རྒྱུན་འཛིན་གོ་ཆོད་བྱས་ནས། མི་རིགས་ཀྱི་རིག་གནས་ཐོན་ཁུངས་དེ་མི་རིགས་རིག་གནས་ཐོན་ལས་ཅན་དུ་བསྒྱུར་བའི་སྲུང་སྐྱོང་ཨར་ལས་རབ་དང་རིམ་པ་ཞིག་ཡིན།

ན་ནིང་ལོར། འབའ་ལུང་རྫོང་ཐུང་ལེ་ལི་སུའུ་རིགས་ཀྱི་རིག་གནས་གྲོང་དེ་སྤེལ་ཐེངས་གསུམ་པའི་དམངས་སྲོལ་རྒྱུན་འཛིན་འཆར་གཞིའི་སྐབས་སུ་ལག་བསྟར་བྱས་ཚར། ད་སྔར་རྣམ་གྲངས་དེ་བདེ་བླག་ངང་ནས་བྱེད་བཞིན་པ་ཡིན། མཐའ་ཆུ་བོད་རིགས་ཀྱི་རས་པའི་རྒྱུན་འཛིན་དཔེ་སྟོན་གྲོང་ནི་ཆེད་མཁས་ཚོགས་ཆུང་གིས་གཏན་འཁེལ་བྱས་ཚར་བའི་སྤེལ་ཐེངས་བཞི་པའི་རིག་གནས་རྒྱུན་འཛིན་གྲོང་པ10ཡི་ཡ་གྱལ་ཞིག་ཡིན། མིག་སྔར། རྣམ་གྲངས་དེས་མ་དངུལ་སྒོར་ཁྲི20བཀོད་སྒྲིག་བྱས་པ་དང་། ཁུལ་དང་རྫོང་ནོར་སྲིད་ཀྱི་ཆ་ཚང་མ་དངུལ་དེ་ལག་ཏུ་འབྱོར་ཚར་བ་དང་། གྲོང་རྡལ་ཏང་ཨུ་དང་། སྲིད་གཞུང་གིས་རྣམ་གྲངས་དེའི་ནང་དོན་ལ་འོས་འཚམ་གྱི་འཆར་འགོད་བྱས་ཚར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག