མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་རྒན་གསོའི་འགན་སྲུང་ལམ་ལུགས་ལ་ཁྱད་ཆོས་ལྔ་ལྡན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-08-04 10:50

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཚུན་ནས་ལག་བསྟར་དོན་འཁྱོལ་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་རྒན་གསོའི་འགན་སྲུང་ལམ་ལུགས་དེ་སྔ་མར་སོ་སོར་དོན་འཁྱོལ་གཏོང་བའི་རྣམ་པ་གསར་བའི་ཞིང་གྲོང་རྒན་གསོའི་འགན་སྲུང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་རྒན་གསོའི་འགན་སྲུང་གཉིས་གཞོགས་གཅིག་ཏུ་བསྡུས་ནས་གཅིག་གྱུར་གྱི་ལམ་ལུགས་ཤིག་ཏུ་བཏང་ཡོད་ལ། རང་རེའི་ཞིང་ཆེན་གྱི་རྣམ་པ་གསར་བའི་ཞིང་གྲོང་རྒན་གསོའི་འགན་སྲུང་དང་གྲོང་ཁྱེར་དང་གྲོང་བརྡལ་གྱི་སྡོད་དམངས་རྒན་གསོའི་འགན་སྲུང་ཚོད་ལྟའི་ལས་ཀའི་ཉམས་མྱོང་དང་སྒྲུབ་ཐབས་དང་ལེན་བྱས་ཏེ། སྔར་ལས་ལྷག་པར་ལམ་ལུགས་དྲང་བདེན་དང་གཅིག་གྱུར་ཡོང་བར་གཙིགས་སུ་བཟུང་་ཡོད་པ་མ་ཟད། ཁྱད་ཆོས་གསར་བ་ལྔ་འབུར་དུ་ཐོན་པར་བྱས་ཡོད།

ལམ་ལུགས་ཀྱི་འབོད་མིང་གཅིག་གྱུར་བྱས་ཡོད་པ། མཉམ་རུབ་བྱས་རྗེས་ཀྱི་ལམ་ལུགས་ལ་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྤྱི་ཚོགས་རྒན་གསོའི་འགན་སྲུང་ཞེས་བརྗོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་སྲུང་གིས་མཉམ་དུ་རང་རྒྱལ་གྱི་རྒན་གསོའི་འགན་སྲུང་མ་ལག་གི་གཞི་རྩའི་ལམ་ལུགས་ཀྱི་སྟེགས་བུ་གཉིས་གྲུབ་ཡོད།

སྲིད་ཇུས་ཀྱི་ཚད་གཞི་གཅིག་གྱུར་བྱས་ཡོད་པ། རྣམ་པ་གསར་བའི་ཞིང་གྲོང་རྒན་གསོའི་འགན་སྲུང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་རྒན་གསོའི་འགན་སྲུང་དེ་སྔར་གྱི་སོ་སོར་བཀོད་སྒྲིག་བྱས་ཡོད་པའི་ཚད་རིམ5དང་ཚད་རིམ10ཡི་འགྲོ་གྲོན་སྤྲོད་པའི་ཚད་གཞི་དེ་གཅིག་གྱུར་གྱིས་ཚད་རིམ12ཅན་དུ་བཏང་ཡོད། དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་འདྲ་མཉམ་གྱི་གོ་སྐབས་དང་ཁེ་དབང་འདེམས་ཏུ་འཇུག་ཐུབ་པར་བྱས་ཡོད།

ཞབས་ཞུའི་དོ་དམ་གཅིག་གྱུར་བྱས་ཡོད་པ། ཕན་ནུས་སྙིང་བསྡུས་བྱེད་པའི་རྩ་དོན་གཞིར་བཟུང་ནས་ད་ཡོད་ཀྱི་སྤྱི་སྤྱོད་ཞབས་ཞུའི་ཐོན་ཁུངས་དང་། སྤྱི་ཚོགས་འགན་སྲུང་གཉེར་སྒྲུབ་དོ་དམ་ཐོན་ཁུངས་གཅིག་བསྡུས་བྱས་ཏེ། རྣམ་པ་གསར་བའི་ཞིང་གྲོང་རྒན་གསོའི་འགན་སྲུང་གི་ཐེབས་རྩ་དང་། གྲོང་ཁྱེར་དང་གྲོང་བརྡལ་གྱི་སྡོད་དམངས་རྒན་གསོའི་འགན་སྲུང་གི་ཐེབས་རྩ་གཉིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་རྒན་གསོའི་འགན་སྲུང་གི་ཐེབས་རྩ་དང་མཉམ་རུབ་བྱས་ཏེ། རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་གཏན་འཁེལ་ལྟར་དོ་དམ་དང་། ལྟ་སྐུལ། མ་དངུལ་བཏང་ནས་འཁོར་བསྐྱོད་ཚོང་གཉེར་བྱ་རྒྱུ་རེད།

འགྲོ་གྲོན་མང་ཙམ་སྤྲད་ན་དེ་བསྟུན་གྱི་ཁ་གསབ་མང་ཙམ་སྤྲོད་པ་དང་། ཡུན་རིང་བོར་འགྲོ་གྲོན་སྤྲད་ན་ཁ་གསབ་མང་ཙམ་སྤྲོད་པར་བྱས་ཡོད་པ། འགན་ཞུགས་མི་སྣས་གཏན་འཁེལ་ལྟར་འགྲོ་གྲོན་མ་དངུལ་སྤྲད་རྗེས། ཞིང་ཆེན་ནོར་སྲིད་ནས་མི་རེ་ལ་ལོ་རེར་སྒོར30སྤྲོད་པའི་འགྲོ་གྲོན་རོགས་དངུལ་གྱི་རྨང་གཞིའི་ཐོག ཚད་རིམ་སྒོར100ཡན་འདེམས་པའི་འགན་ཞུགས་པས་འགྲོ་གྲོན་སྒོར100རེ་བསྣན་ན། སྒོར10ཡི་འགྲོ་གྲོན་རོགས་དངུལ་སྤྲོད་པ་ཡིན། འོན་ཀྱང་ཆེས་མཐོ་བ་སྒོར100ལས་བརྒལ་མི་ཆོག གྲབས་གསོག་བྱས་ཏེ་འགྲོ་གྲོན་སྤྲོད་ཚད་ལོ15བརྒལ་བའི་འགན་ཞུགས་པས་འགྲོ་གྲོན་སྤྲོད་པའི་ལོ་ཡི་དུས་ཡུན་དེ་ལོ་གཅིག་རེ་འཕར་ན།ཟླ་རེར་སྒོར2ཁ་སྣོན་བྱེད་པའི་རྒན་གསོའི་མ་དངུལ་ལོངས་སུ་སྤྱད་ཆོག་པ་ཡིན།

དབང་བོ་སྐྱོན་ཅན་ཚབས་ཆེན་གྱི་ཚབ་བྱས་ནས་འགྲོ་གྲོན་སྤྲོད་པ་ཡིན་ན། ལམ་ལུགས་ཚན་པ་གཉིས་ལག་བསྟར་དོན་འཁྱོལ་བྱས་པའི་ཚུན་ནས། རང་རེའི་ཞིང་ཆེན་གྱིས་ཞིང་ཆེན་ནོར་སྲིད་ནས་ལོ་རེ་ལ་སྒོར100ཡི་རྒན་གསོའི་འགན་སྲུང་མ་དངུལ་ཚབ་སྤྲོད་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། སྲིད་ཇུས་གསར་བས་གཏན་འཁེལ་བྱས་ཡོད་པ་ནི། 2014ལོ་ནས་བཟུང་། ཞིང་ཆེན་ནོར་སྲིད་ཀྱིས་སྒོར200ཡི་འགྲོ་གྲོན་སྤྲོད་རྒྱུའི་རིམ་པའི་ཚད་གཞི་ལྟར་ལོ་རེ་རེ་བཞིན་དབང་བོ་སྐྱོན་ཅན་ཚབས་ཆེན་ཡིན་མཁན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་གཞི་རྩའི་རྒན་གསོའི་འགན་སྲུང་མ་དངུལ་ཆ་ཚང་ཚབ་སྤྲོད་བྱ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག