མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཚན་རྩལ་ཅུས་ཀྱིས་ཁེ་ལས་སུ་ཕྱིན་ནས་ཆེད་ཁེ་ཤེས་བྱའི་གསོ་སྦྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-04 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན་ནས་ཚེས17ཉིན་བར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཚན་རྩལ་ཅུས་ཀྱིས་ཁུན་མིན་ཀྲེང་ཡོན་ཆེད་ཁེའི་ལས་ཚབ་ལས་དོན་ཁང་གི་ཆེད་མཁས་གདན་འདྲེན་ཞུས་ནས་རྫོང་གསུམ་གྱི་ཤང་གྲོང་གི་ཁེ་ལས་སུ་ཕྱིན་ནས་ཆེད་ཁེ་རེ་ཞུ་བྱེད་པར་མཛུབ་སྟོན་དང་ཆེད་ཁེའི་ཤེས་བྱ་གསོ་སྦྱོང་བྱས།

གསོ་སྦྱོང་གིས་གནད་དང་ཁྱོན་ཟུང་འབྲེལ་བྱེད་པ་དང་། ད་སྔར་བརྟག་དཔྱད་བསྡུས་ལེན་བྱས་པའི་ཆེད་ཁེ་རེ་ཞུའི་འདུན་པ་ཡོད་པའི་ཁེ་ལས་ཀྱི་རེ་བར་གཞིགས་ཏེ། ཆེད་མཁས་ཀྱིས་རྫོང་གསུམ་ཁེ་ལས་ཀྱི་ཐོན་སྐྱེད་བྱ་ཡུལ་དངོས་སུ་ཕྱིན་པ་དང་། འདེབས་འཛུགས་ཐོན་རྫས་ཀྱི་གསོ་སྐྱོང་རྟེན་གཞིར་ཕྱིན་ནས། ཁེ་ལས་ཀྱིས་ཐོན་སྐྱེད་ཁྲོད་དུ་སྤྱོད་པའི་ལག་རྩལ་གསར་པ་དང་། ཚན་རྩལ་གསར་པར་རྒྱུས་ལོན་བྱས་མཐར། ཁེ་ལས་ལ་རོགས་རམ་བྱས་ནས་ཆེད་ཁེའི་ཐོན་ཁུངས་དག་བསྒྲིགས་བྱས་ཏེ། ཆེད་ཁེའི་རེ་ཞུ་ཡི་གེ་འབྲི་ཞིང་། ཆེད་ཁེ་རེ་ཞུའི་གྲངས་ཚད་དང་སྤུས་ཀ་མཐོར་འདེགས་གཏོང་བའི་ལས་ཀར་རྨང་གཞི་ཡག་པོ་བཏིང་པ་རེད། ཆེད་མཁས་ཀྱིས་ལས་ཡུལ་དངོས་སུ་བརྟག་ཞིབ་བྱས་པ་དང་། ལག་རྩལ་མི་སྣ་དང་སྤེལ་རེས་བྱས་མཐར། ཁེ་ལས11ཀྱི་ཁྱོན་བསྡོམས་རེ་ཞུ་འོས་པའི་ཆེད་ཁེ17འདོན་པ་རེད།

དུས་མཚུངས་སུ། ཆེད་མཁས་ཀྱིས་འབའ་ལུང་རྫོང་གི་ཁེ་ལས་ཁ་ཤས་དང་ཞིང་གྲོང་གི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཁག་ཏུ་ཆེད་ཁེའི་རེ་ཞུ་དང་ཤེས་ཡོན་གྱི་ཐོན་དངོས་བདག་དབང་སྲུང་སྐྱོང་གི་གསོ་སྦྱོང་བྱས་ནས། ཁེ་ལས་དང་ཞིང་གྲོང་གི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཆེད་ཁེ་རེ་ཞུ་བྱེད་པར་མཛུབ་སྟོན་བྱས་ཤིང་། ཆེད་ཁེ་རེ་ཞུ་དང་། སྲུང་སྐྱོང་། བེད་སྤྱོད་ཁྲོད་དུ་གནས་པའི་གནད་དོན་སྐོར་གྱི་འདྲི་རྟོག་ཞབས་ཞུ་བྱས་པ་དང་། གསོ་སྦྱོང་ནང་ཞུགས་པའི་མི་སྣ་དང་སྤེལ་རེས་བྱས་ཏེ། ཆེད་ཁེ་རེ་ཞུའི་འདུན་པ་ཡོད་ཀྱང་འཇོག་ངོགས་ཅི་ཡིན་མ་ཤེས་པའི་ཁེ་ལས་དང་ཞིང་གྲོང་གི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་རོགས་རམ་བྱས་ནས་རེ་ཞུ་བྱས་པ།

གསོ་སྦྱོང་བྱེད་སྐབས། ཁུལ་ཚན་རྩལ་ཅུས་ཀྱི་ལས་བྱེད་མི་སྣས་ཧུར་ཐག་གིས་ཤེས་ཡོན་གྱི་ཐོན་དངོས་བདག་དབང་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་དང་། ཞིང་ཆེན་དང་ཁུལ་གྱི་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལས་ཀའི་བྱ་དགའ་དང་མ་དངུལ་གསབ་རོགས་སྲིད་ཇུས་བརྒྱུད་བསྒྲགས་བྱས་ཏེ། ཆེད་ཁེའི་ལས་ཀ་འཕེལ་རྒྱས་གཏོང་བ་དང་གསར་གཏོད་ཅན་གྱི་སྤྱི་ཚོགས་འཛུགས་གཏོད་བྱེད་པར་སྐུལ་སྤེལ་གཏོང་བ་རེད། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག