མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ལོ་སྟོད་དུ་བདེ་ཆེན་ཁུལ་གྱི་བཟོས་གྲུབ་སྣུམ་རིགས་ཀྱི་ཚོང་ར་བརྟན་པོར་ཆགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-04 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་སྟོད་དུ། ཡུན་ནན་ཞིོང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བཟོས་གྲུབ་སྣུམ་རིགས་ཀྱི་ཚོང་རའི་མཁོ་འདོན་ལ་བརྟན་འཇགས་ཀྱི་ངང་ཚུལ་ཆགས་པ། ཚོང་རའི་མཁོ་འདོན་འདང་པ་དང་སྣུམ་གོང་བརྟན་པོ་ཡིན་ནས། རང་ཁུལ་གྱི་ལས་གྲྭ་ཆེ་གྲས་བདེ་བླག་ངང་ལག་བསྟར་བྱེད་པ་དང་ཁུལ་ཡོངས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་འགན་སྲུང་བྱས་ཏེ། ནུས་པ་ལྡན་པའི་ངང་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ་རེད།

ལོ་སྟོད་དུ། བདེ་ཆེན་ཁུལ་གྱི་བཟོས་གྲུབ་སྣུམ་རིགས་ཀྱི་ཚོང་ར་ལ་གཙོ་བོར་ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་ཁག་ཀུང་སི་དང་། ཀྲུང་གོའི་རྡོ་སྣུམ་མ་རྐང་ཚད་ཡོད་ཚོགས་ཁག་ཀུང་སི། ཀྲུང་ཆིན་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀུང་སི་བཅས་ཁེ་ལས་གསུམ་གྱིས་མཁོ་འདོན་བྱས། ཁེ་ལས་གསུམ་གྱིས་བསྡོམས་ཏེ་བཟོས་གྲུབ་སྣུམ་རིགས་ཏུན43012.527ཉོ་སྒྲུབ་བྱས་ཤིང་། ཏུན42492.48འཚོང་བ།

ཟླ6པའི་ཚེས24ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུས་བཟོས་གྲུབ་སྣུམ་རིགས་ཀྱི་རིན་གོང་ལ་ཡང་བསྐྱར་ལེགས་སྒྲིག་བྱས་པ་ནས་བཟུང་། རང་ཁུལ་གྱི་སྣུམ་འདོན་ས་ཚིགས་ཚང་མ་ནན་ཏན་ངང་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་སིལ་འཚོང་རིན་གོང་ལྟར་ལག་བསྟར་བྱས།

ཤེས་གསལ་བྱུང་དོན། ལོ་སྟོད་དུ་རང་ཁུལ་གྱི་བཟོས་གྲུབ་སྣུམ་རིགས་ཉོ་སྒྲུབ་དང་། མཛོད་བཞག འཚོང་གཉེར་བཅས་བྱས་ཚད་ན་ནིང་དུས་མཚུངས་ལས་འཕར་ཡོད། ལོ་སྟོད་ཀྱི་འཁོར་སྐྱོད་གནས་ཚུལ་ལ་བལྟས་ན། ལོ་སྨད་དུ་ཁྲའེ་ཡིའུ་སྣུམ་གྱི་འཚོང་གཉེར་འཕར་བཞིན་ཡོད་ལ། ཡུལ་སྐོར་དུས་ཚིགས་སུ་རླངས་སྣུམ་གྱི་དགོས་མཁོ་འཕར་ཐུབ་རྒྱུ་ཡིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག