མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གི་བརྟན་འཇགས་རྒྱུ་ནོར་གྱི་མ་དངུལ་བདེ་བླག་ངང་མཐོ་རུ་འཕར་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-08-01 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་སྟོད་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གི་བརྟན་འཇགས་རྒྱུ་ནོར་གྱི་མ་དངུལ་བདེ་བླག་ངང་མཐོ་རུ་འཕར་བཞིན་ཡོད་པ་དང་། ལོ་སྨད་ཀྱི་མ་དངུས་འཇོག་པའི་ལས་འགན་ད་དུང་ལྗིད་པོ་ཡིན།

ལོ་སྟོད་དུ། འབའ་ལུང་རྫོང་གི་གཞི་ཁྱོན་ཡན་གྱི་བརྟན་འཇག་རྒྱུ་ནོར་ཐད་མ་དངུལ་སྒོར་ཁྲི130184འཇོག་སྟེ། དུས་མཚུངས་ལས22.39%འཕར་བ། དེའི་ནང་ལ་ལས་གྲྭའི་ཐད་མ་དངུལ་སྒོར་ཁྲི112559ལེགས་གྲུབ་བྱུང་བས། དུས་མཚུངས་ལས7.06%འཕར་བ། ས་ཁང་བདག་ཁོངས་གསར་སྤེལ་ལ་མ་དངུལ་སྒོར་ཁྲི17625འཇོག་པས། དུས་མཚུངས་ལས1327.13%འཕར་བ། ཟླ1ནས6པའི་བར། ལག་བསྟར་གྲ་སྒྲིག་བྱེད་པའི་ལས་གྲྭ་ཁག83ཡོད་པ་རེད།

བཟོ་ལས་ལས་གྲྭའི་འཛུགས་སྐྲུན་བདེ་བླག་ངང་མདུན་དུ་སྐྱོད་པ། ལོ་སྟོད་དུ། རྫོང་ཡོངས་སུ་བཟོ་ལས་ཐད་མ་དངུལ་སྒོར་ཁྲི59647འཇོག་སྟེ། དུས་མཚུངས་ལས13.96%འཕར་བ། གཞུང་རྒྱུན་གྱི་གློག་འདོན་ས་ཚིགས་ཐད་མ་དངུལ་སྒོར་ཁྲི26276འཇོག་པས། དུས་མཚུངས་ལས2.83མར་འབེབས་པ། ཆུ་ཕྲན་གྱི་གློག་འདོན་ས་ཚིགས་ཆུང་འབྲིང་ཐད་མ་དངུལ་སྒོར་ཁྲི22529འཇོག་པས། དུས་མཚུངས་ལས26.78%འཕར་བ། གཏེར་འདོན་ལས་རིགས་ཐད་མ་དངུལ་སྒོར་ཁྲི3842འཇོག་པས། དུས་མཚུངས་ལས7.18%མར་འབེབས་པ། ཆུ་ཤུགས་གློག་འདོན་ལས་རིགས་ཐད་མ་དངུལ་འཇོག་པ་དེ་རྫོང་ཡོངས་ཀྱི་བརྟན་འཇགས་རྒྱུ་ནོར་ཐད་མ་དངུལ་འཇོག་ཚད་འཕར་བའི་སྐུལ་འཐེན་ནུས་ཤུགས་གཙོ་བོར་གྱུར་ཡོད།

འགྲིམ་འགྲུལ་དང་སྤྱི་ཚོགས་ལས་དོན་ཐད་མ་དངུལ་འཇོག་ཚད་མར་འབེབས་པ། ཟླ1ནས6པའི་བར། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཐད་མ་དངུལ་སྒོར་ཁྲི5445འཇོག་པས། དུས་མཚུངས་ལས81.65%མར་འབེབས་པ། སློབ་གསོའི་ཐད་མ་དངུལསྒོར་ཁྲི1340འཇོག་པས། དུས་མཚུངས་ལས་སྒོར་ཁྲི80.23མར་འབེབས་པ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་སྒོར་ཁྲི10388འཇོག་པས། དུས་མཚུངས་ལས39.24%འཕར་བ།

ལོ་སྟོད་དུ། འབའ་ལུང་རྫོང་གི་མ་དངུལ་འཇོག་པར་གཙོ་བོར་བཟོ་ལས་དང་ས་ཁང་བདག་ཁོངས་ཏེ་ལས་རིགས་ཆེན་མོ་གཉིས་ལ་བརྟེན་པ། ས་གནས་ཀྱི་ནོར་སྲིད་དཀའ་ངལ་ཡོད་དེ་རྫོང་རིམ་པའི་མཐུན་སྦྱོར་མ་དངུལ་ལག་བསྟར་བྱེད་དཀའ་བ། ལས་གྲྭ་ཁ་ཤས་ཀྱི་མ་དངུལ་ཁ་ཆག་ཆེན་པོ་ཡོད་པ། བོད་ཁུལ་ཆེད་དོན་མ་དངུལ་གྱི་འཛུགས་སྐྲུན་ལས་གྲྭ་ལས་འགོ་ཚུགས་ཚད་དམའ་བ། ལོ་ནང་གཞུང་ལམ་འཛུགས་སྐྲུན་དང་། གྲོང་ཁྱེར་རྨང་གཞིའི་སྒྲིག་བཀོད། སྤྱི་ཚོགས་ལས་དོན། རྫ་ཆུའི་ཆུ་ཕྲན་གྱི་གློག་འདོན་ས་ཚིགས་སོགས་གལ་ཆེའི་ལས་གྲྭ་ཁག་གི་མ་དངུལ་སྡུད་དཀའ་ཞིང་། མ་དངུལ་འཇོག་ཚད་འཕར་བའི་ནུས་ཤུགས་ཆུང་བས། ད་ལོའི་མ་དངུལ་འཇོག་པའི་ལས་འགན་འགྲུབ་པར་ཤུགས་རྐྱེན་ཐེབས་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག