མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ནུས་ཤུགས་ཡོད་དགུ་སྤྱད་དེ་ཞིང་སྡེའི་ནུས་ཁུངས་གསར་བ་དར་སྤེལ་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-31 10:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་མ་མཐུད་དུ་རྫབ་རླངས་དང་ཉི་ནུས་ཆུ་ཚན་འཕྲུལ་ཆས། ཐབ་ཀ་ལེགས་བསྒྱུར་བྱེད་པ་སོགས་གཙོ་བྱས་ཏེ། ནུས་ཤུགས་ཡོད་དགུ་སྤྱད་ནས་ཞིང་སྡེའི་ནུས་ཁུངས་གསར་བ་ཁྱབ་རྡལ་དུ་བཏང་བ་བརྒྱུད། མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལ་ལེགས་བཅོས་ཐོབ། ཤེས་གསལ་བྱུང་བ་ལྟར་ན། དཔྱིད་དུས་ཞིང་སྡེའི་རྫབ་རླངས་ཞབས་ཞུ་ཟླ་འཁོར་བྱ་འགུལ་ཁྲོད། རྫབ་རླངས་རྫིང་བུ137གསར་སྐྲུན་བྱས་པ་དང་ཐབ་ཀ380ལེགས་བསྒྱུར་བྱས་ཏེ་ལེགས་འགྲུབ་བྱུང་བ་དང་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་ཁྲི3.8བཀོལ། གྲུ་བཞི་མ325ལ་ཉི་ནུས་ཆུ་ཚན་འཕྲུལ་ཆས་ལྷུ་སྒྲིག་བྱས་ཏེ་ལེགས་འགྲུབ་བྱུང་བ་དང་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་ཁྲི32.5བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག