

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན ཟླ7པའི་ཚེས9ནས་ཚེས12ཉིན་བར། “སེམས་མཐུན·མཉམ་དུ་ཀྲུང་གོའི་སེམས་གཏོད་པ”བདེ་ཆེན་དུ་སྐྱོད་པའི་བྱེད་སྒོ་སྤེལ་བ་ནས་བཟུང་། པེ་ཅིན་དང་ཧྲང་ཧེ་ནས་ཡོང་བའི་སྨན་བཅོས་ཆེད་མཁས་ཀྱིས་སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྨན་ཁང་དང་། སེམས་ཀྱི་ཉི་ཟླའི་བུད་མེད་དང་ཕྲུ་གུའི་བདེ་སྲུང་སྨན་ཁང་། དགའ་ལྡན་སུམ་རྩེན་གླིང་། སེམས་ཀྱི་ཉི་ཟླ་རྫོང་གི་ཤང་གྲོང་ཁག་ཏུ་རིན་པ་མི་ལེན་པའི་ངང་ནས་མང་ཚོགས་ལ་ནད་ལྟ་བ་མ་ཟད། ད་དུང་རྫོང་མཁར་གྱི་སྨན་ཁང་དང་སློབ་གྲྭ ཤང་གྲོང་གི་འཕྲོད་བསྟེན་ཁང་དུ་དངོས་ཕན་ལག་རྩལ་གྱི་འཆད་ཁྲིད་དང་ཆེད་ལས་གསོ་སྦྱོང་ཐེངས20ལྷག་འཚོགས།
ཚེས9ནས་ཚེས12ཉིན་བར། སྨན་བཅོས་ཆེད་མཁས་ཀྱིས་སེམས་ཀྱི་ཉི་ཟླ་མི་དམངས་སྨན་ཁང་སྒོ་བསྟེན་སྨན་བཅོས་ཁང་གི་ཐོག་བརྩེགས་དང་པོའི་ཚོམས་ཆེན་ལ་ཁོང་ནད་ཚན་ཁག་དང་། དབུགས་ལམ་ཚན་ཁག ཀྲུང་དབྱིའི་ཚན་ཁག རྣ་སྣ་མགྲིན་གྱི་ཚན་ཁག སྙིང་ནད་ཚན་ཁག རུས་པའི་ཚན་ཁག མིག་ནད་ཚན་ཁག་སོགས་ཆེད་ལས་ཚན་ཁག10ལྷག་འཛུགས་ཤིང་། སྨན་བཅོས་ཚོ་ཆུང་གི་ཁོངས་མི70ལྷག་གིས་ནད་པ2000ལྷག་ལ་ནད་ལྟ་བ་དང་། སྨན་བཅོས། ནད་རིགས་སྔོན་འགོག་དང་ལུས་ཁམས་བདེ་སྲུང་སོགས་ཀྱི་འདྲི་རྟོག་ཞབས་ཞུ་བྱས་པས། བསྡོམས་ཏེ་པུའུ་ཁྲང་སྨན་བཟོ་ཚོགས་ཁག་གིས་ལེགས་སྐྱེས་སུ་ཕུལ་བའི་སྒོར་ཁྲི60ཡི་རིན་ཐང་ལྡན་པའི་སྨན་རྫས་རིགས32འགྲེམ་གཏོང་བྱས། རྒྱལ་ས་སྨན་བཅོས་སློབ་ཆེན་ཤུན་ཝུའུ་སྨན་ཁང་གི་ཞ་ཕའེ་དང་བཅས་པའི་སྨན་བཅོས་ཆེད་མཁས9ཡིས་སྒོ་བསྟེན་སྨན་བཅོས་ཁང་གི་ཐོག་བརྩེགས་དྲུག་པའི་ཚོགས་འདུ་ཁང་དུ་སྨན་བཅོས་ཆེད་དོན་གསོ་སྦྱོང་ཐེངས10འཚོགས་པ་རེད།
“སེམས་མཐུན·མཉམ་དུ་ཀྲུང་གོའི་སེམས་གཏོད་པ”བདེ་ཆེན་དུ་སྐྱོད་པའི་སྨན་བཅོས་ཆེད་མཁས་ཀྱིས་སེམས་ཀྱི་ཉི་ཟླའི་བུད་མེད་དང་
ཕྲུ་གུའི་བདེ་སྲུང་སྨན་ཁང་དུ་རིན་པ་མི་ལེན་པའི་ནད་ལྟ་བའི་བྱེད་སྒོ་སྤེལ་དུས། ཆེད་མཁས15ཡིས་སྨན་ཁང་དེར་སྙིང་ནད་ཚན་ཁག་དང་། ཀྲུང་དབྱིའི་ཚན་ཁག རུས་པའི་ཚན་ཁག་སོགས་སུ་མང་ཚོགས1300ལ་ནད་ལྟ་ཞིང་ནད་དང་མཐུན་པའི་སྨན་རྫས་འགྲེམ་གཏོང་བྱས། བསྡོམས་ཏེ་སྐྱེས་ཐོབ་སྙིང་ནད་ནད་པ100ལྷག་ལ་འདེམས་བཤེར་བྱས་ཏེ་ཁག11ལ་གཤགས་བཅོས་བྱེད་དགོས་པའི་གཏ
ན་ཁེལ་བྱས། དེའི་བར་སྐབས་སུ། ཆེད་མཁས་ཚོ་ཆུང་གིས་ད་དུང་སྨན་ཁང་དུ་སྡོད་པའི་ནད་པ་ལ་ཞིབ་བཤེར་བྱས་ཤིང་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྨན་ཁང་དེའི་སྨན་བཅོས་མི་སྣ་ལ་སློབ་སྟོན་བྱས་པ་རེད།
ཚེས9ཉིན། “སེམས་མཐུན·མཉམ་དུ་ཀྲུང་གོའི་སེམས་གཏོད་པ”བདེ་ཆེན་དུ་སྐྱོད་པའི་སྨན་བཅོས་ཚོ་ཆུང་གིས་སྨན་བཅོས་སྒྲིག་ཆས་ཁྱེར་ཞིང་དགའ་ལྡན་སུམ་རྩེན་གླིང་ནང་གི་དགེ་འདུན179དང་ཉེ་འདབས་ཀྱི་མང་ཚོགས་ལ་ནད་ལྟ་བ་དང་སྒོར་ཁྲི2ཀྱི་རིན་ཐང་ལྡན་པའི་སྨན་རིགས་འགྲེམ་གཏོང་བྱས། དགེ་འདུན་བློ་བཟང་དགེ་ལེགས་ཀྱིས“ངའི་ལུས་པོ་ཞན་པས་ནད་ལྟ་བའི་ས་ཚིགས་སུ་སླེབས་མི་ཐུབ་ཀྱང་ཆེད་མཁས་ཀྱིས་ང་ལ་སེམས་ཁུར་བྱས་ཤིང་ངའི་སྡོད་ཁང་དུ་ཡོང་ནས་ནད་ལྟ་བྱུང་། ཐུགས་རྫེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་བྱུང་།
ཚེས11ཉིན། ཀྲུང་གོའི་བཟོ་བཀོད་ཁང་གི་ཡོན་ཧྲི་ཁྲེང་ཞང་མོན་གྱིས་སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་དང་པོར་ལས་བཟོ་དང་མང་ཚོགས200ལྷག་ལ་སློབ་ཚན་ཁྲིད་ཅིང་འཛམ་གླིང་མཁལ་མའི་ཉིན་མོའི་དྲིལ་བསྒྲགས་ལག་དེབ300ལྷག་འགྲེམ་གཏོང་བྱས། ཉན་མཁན་ཨ་མོས་ཆེད་མཁས་ཀྱི་སློབ་ཁྲིད་ཉན་རྗེས་ངའི་ཤེས་རྒྱ་ཆེ་རུ་བཏང་བྱུང་། རང་གི་འཚོ་བ་དང་བཟའ་བཏུང་གོམས་གཤིས་ལ་སོགས་ལ་དོགས་གནད་མང་པོ་ཡོད་དེ་ལུས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པར་ཧ་གོ་བྱུང་། དེང་ཕྱིན་རང་དང་ཁྱིམ་མིའི་བདེ་ཐང་གི་ཆེད་དུ་ངས་བཟའ་བཏུང་གི་གྲུབཆ་ལེགས་སྒྲིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། །