མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྲིད་དངུལ་ཁེ་གསུམ་གྱི་དངུལ་འཇོག་རྣམ་གྲངས་ཀྱི་དངུལ་བུན་སྒོར་དུང་ཕྱུར་6ལྷག་གཏོང་རྒྱུའི་གྲོས་མཐུན་འཇོག་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-28 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན་ནས་ཚེས་18ཉིན་བར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་སྒྲིག་འཛུགས་བྱས་ནས་སྔ་རྗེས་སུ་གསར་སྤེལ་ཆུས་དང་འབའ་ལུང་རྫོང་།འཇོལ་རྫོང་བཅས་ལ་དངུལ་སྲིད་དང་དངུལ་ཁེ་བར་གྱི་མཉམ་ལས་དངུལ་འཇོག་རྣམ་གྲངས་སྐོར་གྱི་གྲོས་མོལ་བྱས་པ།ཉིན་3གྱི་གྲོས་མོལ་བྱས་པར་བརྒྱུད་ནས་དངུལ་བུན་སྒོར་དུང་ཕྱུར་6.952གཏོང་རྒྱུའི་བློ་འདོད་རང་བཞིན་གྱི་མཉམ་ལས་གྲོས་མཐུན་འཇོག་སྟེ།དངུལ་བུན་དེ་གཙོ་བོར་ཆུ་གློག་དང་གཏེར་ལས།སྐྱེ་དངོས།ཡུལ་སྐོར་དང་ཉོ་ཚོང་འཁོར་རྒྱུགས་སོགས་ཁྱབ་ཁོངས་སུ་འཇོག་རྒྱུ་རེད།

བྱེད་སྒོའི་ཐོག་ཏུ།གསར་སྤེལ་ཆུས་དོ་དམ་ཨུ་ལྷན་དང་།འབའ་ལུང་རྫོང་།འཇོལ་རྫོང་སྲིད་གཞུང་གིས་སོ་སོས་རང་སོའི་རྣམ་གྲངས་འོས་སྦྱོར་བྱས་ཤིང་།དངུལ་ཁང་ཁག་གི་འགན་འཁུར་བ་དང་ཁེ་ལས་པའི་འཐུས་ཚབ་ཀྱིས་རང་སོའི་དངུལ་འཇོག་ཐོན་རྫས་དང་དངུལ་འཇོག་དགོས་མཁོའི་སྐོར་ལ་སྤེལ་རེས་བྱས་པས།ཁྱོན་བསྡོམས་སྒོར་དུང་ཕྱུར་6.925ཡི་བློ་འདོད་རང་བཞིན་གྱི་དངུལ་བུན་གཏོང་རྒྱུའི་གྲོས་མཐུན་འཇོག་པ།དེའི་ནང་ལས།དངུལ་ཁང་སོ་སོ་ནས་གསར་སྤེལ་ཆུས་དང་དངུལ་བུན་སྒོར་དུང་ཕྱུར་1.845གཏོང་རྒྱུའི་གྲོས་མཐུན་འཇོག་ཅིང་།འབའ་ལུང་རྫོང་ལ་དབུལ་བུན་སྒོར་དུང་ཕྱུར1.847གཏོང་རྒྱུ་དང་འཇོལ་རྫོང་ལ་དབུལ་བུན་སྒོར་དུང་ཕྱུར་3.26གཏོང་རྒྱུའི་གྲོས་མཐུན་འཇོག་པ་རེད།

ཁུལ་སྲིད་གཞུང་གི་དངུལ་རྩར་འབྲེལ་གཏུག་བྱེད་མཁན་དྲུང་ཆེན་གཞོན་པ།ཁུལ་དངུལ་རྩའི་གཞུང་ལས་ཁང་།ཁུལ་བཟོ་ལས་འདུས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་།ཁུལ་མི་དམངས་དངུལ་ཁང་།ཁུལ་དངུལ་ཁང་ལས་རིགས་ལྟ་སྐུལ་ཅུས་སོགས་དང་ཁུལ་ནང་ལོགས་ཀྱི་དངུལ་ཁང་9ཡི་འགན་འཁུར་བ།འབའ་ལུང་རྫོང་དང་འཇོལ་རྫོང་།གསར་སྤེལ་ཆུས་སྲིད་གཞུང་གི་ལས་བགོས་འགན་གཉེར་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་སོགས་བྱེད་སྒོར་ཞུགས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག