མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དང་ཀྲུང་ཧྭ་ནུས་ཁུངས་ཀུང་ཟི་གཉིས་མཉམ་འབྲེལ་བྱས་ཏེ་ཆུ་གློག་གསར་སྤེལ་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-25 11:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་སྲིད་གཞུང་དང་ཡུན་ནན་ཀྲུང་ཧྭ་ནུས་ཁུངས་རྫ་ཆུའི་ཆུ་གློག་ཚད་ཡོད་ཀུང་ཟི་གཉིས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས།  ཚོགས་འདུ་ལས་བདེ་ཆེན་ཁུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་རྫ་ཆུའི་སྟོད་རྒྱུད་ནས་ཆུ་གློག་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། “སྔོན་ན་མང་ཚོགས་གནས་སྤོར་བ་དང་རྗེས་སུ་འཛུགས་སྐྲུན་བྱེད་པའི”མཛུབ་སྟོན་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་མ་ཟད།  ཀྲུང་ཧྭ་ནུས་ཁུངས་སྡེ་ཚོགས་དང་ལྷན་དུ་ཆུ་གློག་ནུས་ཁུངས་གསར་སྤེལ་ཁེ་ཕན་མཉམ་སྤྱོད་བྱེད་པའི་ལམ་ལུགས་བཙུགས་པའི་རྨང་གཞིའི་སྟེང་། ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ།  མིར་གཞི་རྩ་བཟུང་ནས་གནས་སྤོར་མང་ཚོགས་ཀྱི་ཁེ་ཕན་འགན་སྲུང་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱུ་ཡིན་པར་བསྟན།  ཀྲུང་ཧྭ་ནུས་ཁུངས་ཕྱོགས་ཀྱིས་ཧུར་ཐག་སྒོས“ཐོན་ལས་ལ་བརྟེན་ནས་ཁུལ་འཛུགས་སྐྲུན་བྱེད་པའི”ལས་སུ་ཞུགས་རྒྱུ་ཡིན་པ་དང་།  གནས་སྤོར་མང་ཚོགས་བཀོད་སྒྲིག་ལེགས་པོ་སྒྲུབ་རྒྱུ་དང་ས་གནས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ནུས་ཁུངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་སོགས་ཕན་ཚུན་ལ་ཁེ་སྤོགས་སྐྲུན་པར་སྐུལ་འདེད་བྱེད་རྒྱུ་ཡིན་ཟེར།  ཀྲུང་ཧྭ་རྫ་ཆུའི་ཀུང་ཟིས་བཏོན་པའི་མང་ཚོགས་གནས་སྤོར་ལས་དོན་དང་ཁོར་ཡུག་སྲུང་སྐྱོང་།  གློག་ཤུགས་བཀོལ་ཚུལ་སོགས་གནད་དོན་ཐད་བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡན་པའོ་ཡིས་འབྲེལ་ཡོད་བྱ་བར་བླང་བྱ་བཏོན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག