མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་ཆུ་འབྲུབ་པའི་དུས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀར་དམ་འཛིན་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-23 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་བྱ་ཐབས་བཞིར་ཤུགས་རྒྱག་ནས། ཆུ་འབྲུབ་པའི་དུས་སྐབས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱས།

གོམ་གང་མདུན་སྤོས་ཀྱིས་གནོད་འཚེ་སྔོན་འགོག་གི་འགན་འཁྲི་ལག་བསྟར་དོན་འཁྱོལ་བྱས་ཤིང་། 《འབའ་ལུང་རྫོང2014ལོའི་ས་ཁམས་གནོད་འཚེའི་འགན་འཁྲི་ཡི་གེ》དང་། 《འབའ་ལུང་རྫོང2014ལོའི་ས་ཁམས་གནོད་འཚེའི་མཁོ་བསྟུན་ཇུས་གཞི》བཅས་ཀྱི་ལག་བསྟར་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྤྱི་འགན་འཁུར་ཞིང་། འབྲེལ་ཡོད་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར་འགན་འཁུར་ནས། ས་ཁམས་གནོད་འཚེའི་འགོག་བཅོས་ལས་ཀ་ཡོངས་སུ་ཁེབས་ཐུབ་པ་བྱེད།

རྫོང་དང་ཤང་། གྲོང་མི་ཨུ་ལྷན། གྲོང་མི་ཚོ་ཆུང་གིས་ས་ཁམས་གནོད་འཚེའི་འགོག་བཅོས་རེ་བ་ལྟར་ས་ཁམས་གནོད་འཚེའི་འགོག་བཅོས་ཇུས་གཞི་འཇོག་སྟེ། རྫོང་ཡོངས་ཀྱི་ས་ཁམས་གནོད་འཚེ་བྱུང་ཉེན་ཡོད་ས63དུ་གནོད་འཚེ་འགོག་བཅོས་ཀྱི་འགན་འཁྲི་ལག་བསྟར་བྱས་ནས། ཆུ་འབྲུབ་པའི་དུས་སྐབས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་དམ་འཛིན་བྱས་པ་རེད།

གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་ཡོད་དེ། ནན་ཏན་གྱིས་ས་ཁམས་གནོད་འཚེ་བྱུང་སྐབས་ཀྱི་རང་སྐྱོབ་དང་གཡོལ་ཐབས་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། མང་ཚོགས་ལ་ས་ཁམས་གནོད་འཚེ་བྱུང་སྐབས་ཀྱི་གཡོལ་ཐབས་དང་རང་སྐྱོབ་བྱ་ཐབས་བསླབས་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་གནོད་འཚེ་བྱུང་སྐབས་ཀྱི་མཁོ་བསྟུན་ནུས་པ་ཇེ་མཐོར་གཏོང་བ་རེད།

གནོད་འཚེ་སྔོན་འགོག་བྱ་ཐབས་ཤུགས་ཆེར་གཏོང་ཡོད་དེ། རྫོང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་མངའ་ཁོངས་ཅུས་དང་། བདེ་འཇགས་ཞིབ་བཤེར་སྡེ་ཁག་བཅས་རྩ་འཛུགས་བྱས་ནས་རྫོང་ཡོངས་ཀྱི་ས་ཁམས་གནོད་འཚེ་བྱུང་ཉེན་ཡོད་ས63ལ་ཕྱིན་ནས་རྩད་ཞིབ་དང་རྒྱུས་ལོན་བྱས་ནས། སྔོན་འགོག་བྱ་ཐབས་ལག་བསྟར་བྱས་པ་དང་། གནོད་འཚེ་བྱུང་ཉེན་ཡོད་སའི་ལྟ་ཞིབ་ཚད་ལེན་པར་གསོ་སྦྱོང་བྱས་ཏེ་ལྟ་ཞིབ་ཚད་ལེན་ནུས་པ་ཇེ་མཐོར་གཏོང་བ། དུས་སྐབས་གཏན་འཁེལ་མེད་པའི་སྒོ་ནས་སྐོར་ཞིབ་བྱས་ནས། སྔོན་ཚུད་ནས་རྟོགས་པ་དང་སྔོན་ཚུད་ནས་སྙན་སེང་ཞུབ་པ་རེད། ཆ་འབྲུབ་པའི་དུས་སྐབས་སུ། རྫོང་ཡོངས་ཀྱི་ས་ཁམས་གནོད་འཚེ་བྱུང་ཉེན་ཡོད་སའི་ལྟ་ཞིབ་པས་ཉིན་མཚན་དབྱེར་མེད་དུ་ལས་རེས་བྱས་ནས་ཆ་འཕྲིན་ལ་བར་ཆད་མི་ཡོང་བ་བྱ་རྒྱུའི་རེ་བ་བཏོན་པ་རེད།

ཟླ་བ7པའི་ཚེས10ཉིན་གྱི་ཚུན་དུ། འབའ་ལུང་རྫོང་གིས་ཞིབ་དཔྱད་སྒྲིག་བཅོས་ཀྱི་ཆེད་གཉེར་ལས་ཀའི་ཚོགས་ཆུང་འཛུགས་ནས། རྫོང་ཡོངས་ཀྱི་ཆུ་འབྲུབ་པའི་དུས་སྐབས་སུ་བསྐྲུན་དང་སྐྲུན་མུས་ཀྱི་ཆུ་བེད་ཨར་ལས་དག་ལ་བདེ་འཇགས་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་མཐར། སྤྱིར་བཏང་གི་གནོད་འཚེ་བྱུང་ཉེན་ཡོད་ས་ཁག12ཡོད། དེ་ལས་ཁག11ལ་སྒྲིག་བཅོས་བྱས་ནས་སྒྲིག་བཅོས་བྱས་ཚད92%ལ་ཟིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག