མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་ཕྱི་ཕྱོགས་དྲིལ་བསྒྲགས་གསོ་སྦྱོང་འཛིན་གྲྭ་སེམས་ཀྱི་ཉི་ཟླ་རྫོང་དུ་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-23 10:49

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། ཡུན་ནན་ཞིང་ཆེན་ཕྱི་ཕྱོགས་དྲིལ་བསྒྲགས་གསོ་སྦྱོང་འཛིན་གྲྭ་སེམས་ཀྱི་ཉི་ཟླ་རྫོང་དུ་བསྡུས། ཏྰ་ལོས་དང་ལོས་ཅང་། ནའོ་ཅང་སོགས་ཁུལ་དང་གྲོང་ཁྱེར་གྱི་དྲིལ་སྒྲོག་སྡེ་ཁག་དང་བདེ་ཆེན་ཁུལ་གྱི་ཐད་གཏོགས་ལས་ཁུངས་སོ་སོ། རྫོང་གསུམ་གྱི་ཏང་ཨུའི་སྲིད་གཞུང་གི་འགན་ཁུར་བ་དང་ཤང་དང་གྲོང་རྡལ་གྱི་ལས་འཛིན་པ་སོགས་ལས་བྱེད་མི་སྣ300ལྷག་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་འཛིན་གྲྭ་སྤེལ་བའི་ཉིན་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་ཅུའུ་བདུན་པའི་ཅི་ཀྲང་ཧོང་ཅོན་ཞན་གྱིས《དེང་སྐབས་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་གནས་བབ་དང་ལས་འགན》ཞེས་པ་བརྗོད་བྱ་རུ་བཟུང་ནས་ཚང་མར་སློབ་ཁྲིད་དང་པོ་བྱས།  སློབ་ཁྲིད་ལས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་བསྡུས་པ་ནས་བཟུང་ཀྲུང་དབྱང་གིས་ཕྱི་ཕྱོགས་བྱ་བར་བཏོན་པའི་བསམ་ཕྱོགས་གསར་བ་དང་བླང་བྱ་གསར་བ་བཅས་ཕྱི་ཕྱོགས་དྲིལ་བསྒྲགས་བྱ་བའི་གནས་བབ་སོགས་ནས་འགྲེལ་བཤད་བྱས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཡོན་ཀྲང་གི་ལག་རོགས་སམ། སྤྱི་ཚོགས་སྲིད་ཁྲིམས་རིག་པ་པུའུ་ཡི་ཀྲུའུ་རིན་ཧའོ་ཧྲི་ཡན་གྱིས《ཕྱི་ཕྱོགས་དྲིལ་བསྒྲགས་བྱེད་དུས་རྒྱལ་སྤྱི་དང་བསྡུར་བར་དོ་སྣང་བྱེད་དགོས》ཞེས་པ་བརྗོད་དོན་དུ་བཟུང་ནས་རྒྱལ་ཁབ་ཕྱི་ནང་གི་གྱོད་གཞིའི་དཔེ་མཚོན་མཚམས་སྦྱོར་བྱས་པ་དང་སྔར་ལས་ལྷག་པར་རྒྱལ་སྤྱིའི་གནས་བབ་དེས་ཕྱི་ཕྱོགས་དྲིལ་བསྒྲགས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པ་གསལ་བཤད་བྱས།

ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ནི་ཡུན་ནན་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་ཕྱི་ཕྱོགས་དྲིལ་བསྒྲགས་ཐད་སྤེལ་བའི་གཞི་རྒྱ་ཆེས་ཆེ་ཤིང་། ཁྱབ་རྒྱ་ཆེས་ཆེ་བ། རིམ་པ་ཆེས་མཐོ་བའི་གསོ་སྦྱོང་ཐེངས་ཞིག་ཡིན་པས། བོད་ཁུལ་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་བྱ་བའི་ལས་སུ་ཞུགས་པའི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པར་འདིའི་ཕྱོགས་ཀྱི་ཤེས་བྱ་འཆད་ཁྲིད་གནང་ཞིང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཡུན་ནན་བོད་ཁུལ་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་པ་མཚོན་ཐུབ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག