
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཡན་ལག་ཅུའུ་དང་གནམ་གྲུ་ཐང་གི་བདེ་སྲུང་པུའུ་ཡི་འཚམས་འདྲི་ཚན་ཆུང་གནམ་གྲུ་ཐང་ཉེ་འགྲན་གྱི་སྡེ་བར་འཚམས་འདྲི་བྱས་པ་དང་། ལྟ་སྐོར་འཚམས་འདྲི་ཁྲོད་འཚམས་འདྲི་ཚན་ཆུང་གིས་རྒྱུན་ལྡན་གྱི་མེ་འགོག་དང་རྐུན་འགོག སྤྱི་ཚོགས་བདེ་འཇགས་འགན་སྲུང་ཕྱོགས་ཀྱི་འབྲེལ་ཡོད་ནང་དོན་དྲིལ་བསྒྲགས་བྱས་ཐོག དུས་ལྟར་དམངས་ཀྱི་བསམ་ཚུལ་རྒྱུས་ལོན་བྱེད་པ་མ་ཟད། སྡེ་མིར་འབྲས་དང་ཟས་སྣུམ་སོགས་འཚམས་འདྲི་དངོས་ཟོག་བསྐྱལ། །