མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ལོ་སྟོད་ལ་བདེ་ཆེན་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི538.8སྣེ་ལེན་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-22 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གནས་སྐོར་དར་སྤེལ་ཨུ་ཡོན་ལྷན་ཁང་གིས་འདོན་སྤྲོད་བྱས་པའི་གྲངས་ཀ་ལྟར་ན།  ཟླ་དང་པོ་ནས་ཟླ6པའི་བར་བདེ་ཆེན་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི538.2སྣེ་ལེན་བྱས་པ་དང་། དུས་མཉམ་ལས5%འཕར་བ་དང་གནས་སྐོར་ཐད་ཀྱི་ཡོང་སྒོ་སྒོར་དུང་ཕྱུར51ཟིན། དེའི་ནང་ཕྱི་རྒྱལ་གྱི་གནས་སྐོར་བ་མི་ཐེངས་ཁྲི60དང་རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་ཁྲི478.2འདུས།

ད་ལོ་ནས་བཟུང་།  བདེ་ཆེན་ཁུལ་གྱིས“བདེ་ཆེན་ཁུལ་ནི་སྐྱེ་ཁམས་ཆེས་བཟང་ཞིང་། ཁོར་ཡུག་ཆེས་མཛེས་བ། འཆམ་མཐུན་འཕེལ་རྒྱས་དང་ཡུན་རིང་གི་མིང་རྟགས་ལྡན་པའི་འཛམ་གླིང་རིམ་པའི་སྐྱེ་ཁམས་གནས་སྐོར་ཁུལ་དང་ཀྲུང་གོའི་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་གནས་སྐོར་གནས་མཆོག་ཏུ་འཛུགས་སྐྲུན་བྱེད་པ”ཞེས་པའི་བསམ་ཕྱོགས་ལྟར། གནས་སྐོར་ཚོང་ར་རྒྱ་བསྐྱེད་པར་ཤུགས་སྣོན་པ་དང་གཙོ་གནད་རྣམ་གྲངས་ལག་བསྟར་བྱེད་པ།  གནས་སྐོར་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་ནན་ནན་ཏིག་ཏིག་སྒོས་གནས་སྐོར་ཐད་ཀྱི་བྱ་བ་སྣ་ཚོགས་སྒྲུབ་མཐར། ཁུལ་ཡོངས་ཀྱི་གནས་སྐོར་དཔལ་འབྱོར་བདེ་བླག་ངང་ཡར་འཕར་བཞིན་ཡོད་ལ། གནས་སྐོར་ཚོང་ར་ཀྱང་རིང་བཞིན་ཚད་ལྡན་ཅན་དུ་འགྲོ་བཞིན་ཡོད།

ལོ་སྟོད་ལ་ཁུལ་ཡོངས་ནསAརིམ་པའི་ཡུལ་ལྗོངས་ཁུལ18ཀྱི་སྒོ་བྱང་གི་ཡོང་སྒོ་སྒོར་ཁྲི20600ལ་སླེབས་ཡོད།  དེའི་ནང་པོ་ཏ་མཚོ་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒོ་བྱང་ཡོང་སྒོ་སྒོར་ཁྲི6626.83དང་།  སྟག་མཆོང་གྲོག་རོང་གནས་སྐོར་ཁུལ་དུ་སྒོར་ཁྲི1576.32།  དགའ་ལྡན་སུམ་རྩེན་གླིང་དུ་སྒོར་ཁྲི1274.58།  ཟླ་སྔོན་གྲོག་རོང་ཡུལ་ལྗོངས་ཁུལ་དུ་སྒོར་ཁྲི634.37།  ཤར་དཀར་གངས་རིའི་རྒྱལ་ཁབ་སྤྱི་གླིང་དུ་སྒོར་ཁྲི687.54། འབའ་ལྷག་དཀར་རྫོང་ཡུལ་ལྗོངས་ཁུལ་དུ་སྒོར་ཁྲི133.38དང་བོད་རིགས་སྤྲོ་ཁྱིམ་དུ་སྒོར་ཁྲི4200བཅས་ཡིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག