མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

2014ལོའི“ལྡོག་རྩ་གཅིག་སྒྲིལ་སྒོས་ཀྲུང་གོའི་བྱམས་སེམས་སྐྱོང་བ”ཞེས་བདེ་ཆེན་ཁུལ་དུ་སྐྱོད་པའི་བྱ་འགུལ་སྤེལ་འགོ་བརྩམས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-21 10:34

301སྨན་ཁང་གི་ཆེད་མཁས་སྨན་པ་ཀྲུང་ཅ་ཐང་གིས་བདེ་ཆེན་རྫོང་ཡན་མིན་ཤང་འཕྲོད་བསྟེན་ཁང་དུ་གྲྭ་བཙུན་ཞིག་ལ་སྨན་བཅོས་བརྟག་དཔྱད་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན་ནས་ཚེས15ཉིན་བར། 2014ལོའི“ལྡོག་རྩ་གཅིག་སྒྲིལ་སྒོས་ཀྲུང་གོའི་བྱམས་སེམས་སྐྱོང་བ”ཞེས་བདེ་ཆེན་ཁུལ་དུ་སྐྱོད་པའི་བྱ་འགུལ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ། རྒྱལ་ས་པེ་ཅིན་ནས་ཐོན་པའི་སྨན་པ་དང་དང་བླངས་བ450ལྷག་བདེ་ཆེན་ཁུལ་གྱི་རྫོང3གྱི་ས་གནས30ལ་སོང་ནས་བྱམས་སེམས་ཕུལ་བའི་བྱ་འགུལ་སྤེལ་བ་དང་།  དེའི་ནང་རིན་མི་དགོས་པར་སྨན་བཅོས་བརྟག་དཔྱད་བྱེད་པ་དང་བྱམས་སེམས་ཕུལ་བ། སྨན་བཅོས་རོགས་སྐྱོར་དང་གསོ་སྦྱོང་འཆད་ཁྲིད་སོགས་ནང་དོན་འདུས།  ཡུལ་དངོས་སུ་གྲྭ་བཙུན་མང་པོ་ཡོང་ནས་ལ་ལས་སྨན་པར་སྨན་བཅོས་སྐོར་གྱི་ཤེས་བྱ་བློ་འདྲི་བྱེད་པ་དང་།  ལ་ལས་སྨན་རྫས་ཁྱེར་ནས་དགའ་དགའ་སྤྲོ་སྤྲོ་ངང་ཕྱིར་ལོག་པ་རེད།  །

གྲྭ་བཙུན་ཞིག་ལ་ཁྲག་ཚད་འཇལ་བཞིན་པའི་ཚུལ།

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག