མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

“སེམས་མཐུན.མཉམ་དུ་ཀྲུང་གོའི་སེམས་གཏོད་པ”བདེ་ཆེན་དུ་སྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་སྒྲུབ་འགོ་ཚུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-21 10:34

ཚེས་8ཉིན་གྱི་སྔ་དྲོར།“སེམས་མཐུན.མཉམ་དུ་ཀྲུང་གོའི་སེམས་གཏོད་པ”ཡུན་ནན་བདེ་ཆེན་དུ་སྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་དེ་དཀྱིལ་འཁོར་ཐང་ཆེན་དུ་སྒྲུབ་འགོ་ཚུགས་པ།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར་གྱིས་བྱེད་སྒོ་སྒྲུབ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས8ཉིན་གྱི་སྔ་དྲོར།“སེམས་མཐུན.མཉམ་དུ་ཀྲུང་གོའི་སེམས་གཏོད་པ”ཡུན་ནན་བདེ་ཆེན་དུ་སྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་དེ་སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་དཀྱིལ་འཁོར་ཐང་ཆེན་དུ་སྒྲུབ་འགོ་ཚུགས།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར་བྱེད་སྒོར་ཕེབས་ཤིང་“སེམས་མཐུན.མཉམ་དུ་ཀྲུང་གོའི་སེམས་གཏོད་པ”བདེ་ཆེན་དུ་སྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་སྒྲུབ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།ཀྲུང་གོའི་བཟོ་བཀོད་ཁོང་གི་ཡོན་ཧྲི།མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཝང་ལུང་ཏེ་ཡིས་མཛད་སྒོའི་ཐོག་ཤིས་ཚིག་གསུང་བ་རེད།ཁོང་གིས་སི་ཁྲོན་གྱི་ཝུན་ཁྲོན་ནས་ཉིང་ཞའི་ཀུའུ་ཡོན་དང་ནང་སོག་གི་ཝའོ་ལན་ཁྲ་པོ།མཚོ་བོད་མཐོ་སྒང་དང་པེ་ཅིན་ཉེ་འཁོར་གྱི་ས་གཞི་ཆེན་མོ་བཅས་ལ་མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་བྱེད་སྒོས་གོམ་པ་རེ་རེ་བཞིན་རྒྱུན་འཁྱོངས་བྱེད་པའི་ཁྲོད་དུ་རིམ་གྱིས་རང་ཉིད་ཀྱི་དམིགས་ཡུལ་དུ་གྲུབ་ཡོད་ལ།རང་ཉིད་ཀྱི་འགན་འཁྲི་ངེས་གསལ་བྱས་ཡོད་པ་སྟེ།སྙིང་དང་ཀླད་པའི་ཁྲག་རྩའི་བདེ་ཐང་ལ་སེམས་ཁུར་བྱེད་རྒྱུ་བརྗོད་བྱ་གཙོ་བོར་བྱས་ཤིང་།རྒན་བྱིས་དང་དབུལ་ཕོངས་མཐའ་མཚམས་ས་ཁུལ་རོགས་རམ་བྱེད་ཡུལ་གཙོ་བོ་བྱས་པའི་བྱམས་སེམས་རྣམ་གྲངས་སུ་གྱུར་ཡོད།2010ལོར“སེམས་མཐུན་ལས་གྲྭར”ཚུད་རྗེས།མཉམ་དུ་ཀྲུང་གོའི་སེམས་གཏོད་པ་ཡིས་བོད་ཁུལ་གྱི་སྨན་བཅོས་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བར་འབད་བརྩོན་གང་ལེགས་བྱས། དམིགས་བསལ་དུ་མི་གྲངས་བརྒྱ་ཕྲག་དུ་མའི་སྙིང་ནད་ཕོག་པའི་བྱིས་པའི་ཚེ་སྲོག་སྐྱོབ་འཇུག་བྱས་པའི་ལྷན་དུ་རང་ཉིད་ལའང་མཚན་སྙན་ཐོབ་པ་རེད།

ཝང་ལུང་ཏེ་ཡིས་ཐེངས་འདིའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་བསྒྲུབས་པར་བརྟེན་ནས་བདེ་ཆེན་གྱི་མི་རིགས་ཁག་གི་མི་དམངས་ལ་ཐད་ཀའི་སྨན་བཅོས་བྱམས་སེམས་ཞབས་འདེགས་ཞུ་བའི་ལྷན་དུ།ལྷག་པར་དུ་ཐེངས་འདིའི་བྱེད་སྒོ་བསྒྲུབས་པར་བརྟེན་ནས་བདེ་ཆེན་དང་པེ་ཅིན།ཧྲང་ཧའེ་སོགས་གྲོང་ཁྱེར་ཆེན་མོའི་བར་གྱི་སྤེལ་རེས་བྱེད་ས་འཛུགས་པ་དང་།ཕུགས་ཕན་གྱི་སྤེལ་རེས་རྐྱེན་སྲོལ་བཙུགས་ཏེ།བདེ་ཆེན་གྱི་མི་རིགས་ཁག་གི་མི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་ཕན་ཐོགས་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱེད་རྒྱུའི་རེ་བ་བཏོན་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་དབྱིན་པའེ་ཡིས་ཤིས་ཚིག་གསུང་དུས།ཐེངས་འདིའི་བྱེད་སྒོ་སྒྲུབ་པ་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུན་ནན་བོད་ཁུལ་ལ་བཅངས་པའི་དམིགས་བསལ་གྱི་ཐུགས་ཁུར་མཚོན་ཡོད་ཅིང་།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་ཐེབས་རྩའི་ཚོགས་པ་དང་།པེ་ཅིན་གྱི་སྤྱི་ཚོགས་ལས་རིགས་ཁག་གིས་ཡུན་ནན་བོད་ཁུལ་ལ་བཅངས་པའི་མཛའ་བརྩེ་ཟབ་མོ་མཚོན་ཡོད།བྱེད་སྒོ་བསྒྲུབས་པར་བརྟེན་ནས་བདེ་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་དང་།བདེ་ཆེན་གྱི་བསྒྱུར་བཅོས་སྒོ་འབྱེད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གསོན་ཤུགས་གསར་པ་འཇོག་ཐུབ་རྒྱུ་རེད་ཅེས་གསུངས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧོང་ཀྲེང་ཧུང་གིས་མཛད་སྒོ་གཙོ་སྐྱོང་གནང་བ།

པེ་ཅིན་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ཐེབས་རྩའི་ལྷན་ཚོགས་ཀྱི་དྲུང་ཆེན་ཝུའུ་ཞིམ་ཁྲིང་གིས་མཛད་སྒོའི་ཐོག་མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་རྣམ་གྲངས་དང་བདེ་ཆེན་ཁུལ་དུ་སྒྲུབ་པའི་བྱེད་སྒོའི་ནང་དོན་ངོ་སྤྲོད་བྱས།

པེ་ཅིན་གསོ་རིག་ཚོགས་པའི་ཚོགས་གཙོ་དང་མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་ཅིན་ཏ་ཕེང་གིས་སྨན་པའི་དང་བླངས་པའི་ཚབ་བྱས་ནས་གསུང་བཤད་གནང་བ།

མཛད་སྒོའི་ཐོག མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེན།པུའུ་ཁྲང་སྨན་བཟོ་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་ཀྲའོ་ཐའོ་ཡིས་མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་ཐེབས་རྩའི་ལྷན་ཚོགས་ཀྱི་ཚབ་བྱས་ནས་བདེ་ཆེན་ཁུལ་ལ་རིན་ཐང་སྒོར་ཁྲི་1000ལྷག་རི་བའི་སྨན་རྫས་དང་།སྨན་བཅོས་ཡོ་བྱད་དང་བྱམས་སེམས་དངོས་རྫས་ཞལ་འདེབས་སུ་ཕུལ་བ་རེད།

ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ།མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་བདེ་ཆེན་དུ་སྐྱོད་པའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧོང་ལུའུ་ཆི་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སུང་ཐའོ་ཡིས་སོ་སོར་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་ཀྲུང་ལུགས་སྨན་རིག་ཐོན་ཁུངས་ལྟེ་གནས་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས《བདེ་ཆེན་ཁུལ་གྱི་རི་སྐྱེས་ཀྲུང་ལུགས་སྨན་རིགས་རྒྱུ་ཆའི་ཐོན་ཁུངས་སྲུང་སྐྱོང་དང་ཐོན་ལས་གསར་འབྱེད་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན》འཇོག་ཅིང་།ཁུལ་མི་དམངས་སྲིད་གཞུང་ལ《ཀྲུང་གོའི་རི་སྐྱེས་ཀྲུང་ལུགས་སྨན་རིགས་རྒྱུ་ཆའི་ཐོན་ཁུངས་སྲུང་སྐྱོང་གསོ་སྐྱོང་རྟེན་གཞིའི》བྱང་བུ་གནང་བ་རེད།

མཛད་སྒོར་ཞུགས་པའི་སྲི་ཐར་དང་།ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དབྱང་ཀོང་ཧའེ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་མ་ཝུན་ལུང་།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་པུའུ་ཁྲང་སྨན་བཟོའི་སྲོལ་གཏོད་པ་ཀྲའོ་པུའུ་ཁྲང་།མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་བདེ་ཆེན་དུ་སྐྱོད་པའི་བྱམས་སེམས་སྣང་བརྙན་མཚོན་ཚབ།མིང་གྲགས་ལྡན་པའི་འཁྲབ་སྟོན་པ་ཙང་ཅིན་ཧྲིང་བཅས་ཀྱིས་ད་དུང་“2014སེམས་མཐུན . མཉམ་དུ་ཀྲུང་གོའི་སེམས་གཏོད་པའི”བྱམས་སེམས་དཔལ་འབར་བརྒྱུད་སྤྲོད་བྱས།

མཛད་སྒོའི་ཐོག ཀྲུང་གོའི་བཟོ་བཀོད་ཁང་གི་ཡོན་ཧྲི།མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་ཆེད་མཁས་ཚོགས་པའི་ཀྲུའུ་ཞི་ཀའོ་རུན་ལིན་གྱིས་སྣེ་ཁྲིད་འོག བྱེད་སྒོར་ཞུགས་པའི་སྨན་ཞབས་ཆེད་མཁས་དང་དང་བླངས་པ་སོགས་མི་གྲངས་སྟོང་ཕྲག་ལྷག་གིས་དམ་བཅའ་འཇོག་པ་རེད།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཅུས་བདུན་པའི་ཅུས་ཀྲང་གཞོན་པ་ཝུས་ཀང་དང་།སྐོར་གཟིགས་པ་ཡའོ་མའོ་ཁྲིང་།ཤར་ཕྱོགས་མཁའ་སྐྱོད་ཡུན་ནན་ཡན་ལག་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཞའོ་ཏུང་དང་།ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པའི་ཚོགས་གཙོ་གཞོན་པ་ནིའུ་ཡིའུ་ཡོན།པུའུ་ཁྲང་སྨན་བཟོའི་མཐོ་རིམ་སྤྱི་ཁྱབ་གཞོན་པ།མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་ལག་བསྟར་དྲུང་ཆེན་ཀྲིང་ཧུང་པིང་སོགས་མཛད་སྒོར་ཞུགས་པ།

མཛད་སྒོར་ཞུགས་པའི་རང་ཁུལ་གྱི་འགོ་ཁྲིད་ད་དུང་ལི་ཚང་ཀོང་དང་།ཏུའུ་ཡུན་ཁྲུན།ལིའུ་ཅ་ཞུན།ཧོ་ལི་ཕིང་།དབྱང་ཧུང་པིང་།དབྱང་ཙི་ཅང་སོགས་ཡོད།

གཞན་ཡང་ཤེས་རྟོགས་བྱུང་དོན།འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས།མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་རྒྱལ་ས་ནས་ཡོང་བའི་སྨན་བཅོས་ཆེད་མཁས་450་དང་དང་བླངས་པས་རང་ཁུལ་གྱི་རྫོང་གསུམ་གྱི་གནས་ཡུལ་30ལ་དུས་ཡུན་གཟའ་འཁོར་གཅིག་རིང་གི་འོས་འགན་ནད་དཔྱད་སྨན་བཅོས་དང་བྱམས་སེམས་ཞལ་འདེབས།ཆེད་མཁས་ཀྱི་ལུས་ཁམས་བདེ་ཐང་སློབ་ཁང་།ལྷན་ཐབས་རང་བཞིན་གྱི་སྙིང་ནད་རོགས་སྐྱོབ་དང་འདེམས་བཤེར་སོགས་སྨན་བཅོས་ཀྱི་སྤྱི་ཕན་བྱེད་སྒོ་སྒྲུབ་པར་སྐྱོད་པ་རེད།སེམས་ཀྱི་ཉི་ཟླའི་ཡན་ལག་ཚོ་ཆུང་དང་ཁུལ་སྨན་ཁང་གི་སྨན་ཞབས་མི་སྣས་ལམ་སང་དཀྱིལ་འཁོར་ཐང་ཆེན་དུ་འོས་འགན་ནད་དཔྱད་སྨན་བཅོས་དང་སྨན་སྟེར་བའི་བྱེད་སྒོ་བསྒྲུབས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག