ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། 《བདེ་ཆེན་ཁུལ་གྱི་ཕུལ་བྱུང་ལུས་རྩལ་པར་སློབ་གྲྭ་འགྲིམ་པ་དང་ལས་ཞུགས་བྱེད་ཐབས》གཏན་འབེབས་བྱས་པ་དང་། འདིའི་ནང་འབྲེལ་ཡོད་ལུས་རྩལ་རྣམ་གྲངས་ཁྲོད་བྱ་དགའ་ཐོབ་པའི་ན་གཞོན་ལུས་རྩལ་པ་དམའ་འབྲིང་ནས་མཐོ་འབྲིང་དང་། འབྲིང་རིམ་སློབ་གྲྭ། ད་དུང་ལུས་རྩལ་པ་རྣམས་ཁུལ་ནང་ཁུལ་གྱི་ལས་དོན་ལས་ཁུངས་དུ་རྒྱུགས་སྤྲོད་དུས་སྐར་མ་བསྣན་དགོས་པར་ཐག་གཅོད་བྱས་ཡོད་པས། ཕུལ་བྱུང་ན་གཞོན་ལུས་རྩལ་པ་སློབ་གྲྭ་འགྲིམ་པ་དང་ལས་ཞུགས་བྱེད་པར་འགན་སྲུང་བྱས། །