མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་འཆམ་མཐུན་དགོན་སྡེའི་གསར་སྐྲུན་སྔོན་ཐོན་སྡེ་ཁག་ལ་གཟེངས་བསྟོད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-18 10:11

 
 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན་གྱི་ཕྱི་དྲོར། 2013ལོའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་སྡེའི་གསར་སྐྲུན་བྱ་འགུལ་གཟེངས་བསྟོད་ཚོགས་འདུ་བདེ་ཆེན་ཁུལ་ཏང་ཨུའི་སྙན་ཞུ་ཐིན་ནས་བསྡུས།  ཁུལ་ཡོངས་ཀྱི་འཆམ་མཐུན་དགོན་སྡེ་སྔོན་ཐོན་ཐུན་མོང9དང་མི59ལ་གཟེངས་བསྟོད་བྱས།  བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཆི་ཡན་པའོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་།  བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མྰ་ཝུན་ལོན་གྱིས་ཚོགས་འདུར་འགོ་འཛིན་བྱས། ཡན་པའོ་ཡིས་འབྲེལ་ཡོད་སྡེ་ཁག་སོ་སོས་ཐེངས་འདིའི་གཟེངས་བསྟོད་བྱ་འགུལ་དང་སྦྲེལ་ནས། སྔར་ལས་རང་རྟོགས་ཀྱིས་ཏང་གི་ཆོས་ལུགས་བྱ་བའི་རྩ་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།  ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་དང་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས3པའི་དགོངས་དོན་བཅས་སྤྱི་ཁྱབ་ཧྲུའུ་ཅི་ཞེ་ཅིན་ཕིན་གྱིས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་བརྒྱུད། སྔོན་ཐོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་རྒྱས་སུ་འཇུག་པ་དང་།  ཧུར་ཐག་སྒོས་འཆམ་མཐུན་དགོན་སྡེ་གསར་སྐྲུན་བྱ་འགུལ་ཁྱབ་སྤེལ་བྱེད་པ་སོགས“ཀྲུང་གོའི་ཕུགས་འདུན”མངོན་འགྱུར་བྱུང་བར་བྱས་རྗེས་གསར་བ་འཇོག་དགོས་པར་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག