མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཆུ་སྐྱོན་སྔོན་འགོག་གཞུང་ལས་ཁང་གིས་ཕྱོགས་ཡོངས་ནས་ཆུ་སྐྱོན་སྔོན་འགོག་ལས་ཀ་ཡག་པོ་སྒྲུབ་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-17 10:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཆར་དུས་སླེབས་ཚུན་ནས་བཟུང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཆར་ཆུ་འབེལ་ཞིང་། ཤང་གྲོང་ཁ་ཤས་སུ་ཆར་ཆུ་བབས་ཐལ་བས་ཆུ་འབྲུབ་པ་དང་ཤྭ་འོད། རི་ཉིལ། རྡོ་རུད་བཅས་གནོད་སྐྱོན་གང་མང་བྱུང་བས། ཞིང་ས་དང་། ཆུ་བེད། གཞུང་ལམ། སྡོད་ཁང་བཅས་ལ་ཚད་མི་འདྲ་བའི་གནོད་པ་སྐྱེལ་ཡོད།

ཉེ་ཆར་གྱི་ཆུ་སྐྱོན་སྔོན་འགོག་ལས་ཀ་འགངས་ཆེན་ཡིན་པར་དམིགས་ནས། ཁུལ་ཆུ་སྐྱོན་སྔོན་འགོག་གཞུང་ལས་ཁང་གིས་རིམ་ཁག་གི་ཆུ་སྐྱོན་སྔོན་འགོག་སྡེ་ཁག་གིས་གོམ་གང་མདུན་སྤོས་ཀྱིས་ཆུ་སྐྱོན་སྔོན་འགོག་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་ཞིང་། ཆུ་སྐྱོན་ཆེན་པོ་དང་གནོད་འཚེ་ཆེན་པོར་སྔོན་འགོག་བྱེད་པའི་གྲ་སྒྲིག་བྱེད་དགོས་པའི་རེ་བ་བཏོན་པ་རེད། ནན་ཏན་གྱིས་བཀོད་འདོམས་སྡེ་ཁག་གཏན་འབེབས་གསལ་པོ་བྱེད་པ་དང་། ཆུ་སྐྱོན་སྔོན་འགོག་གི་འགན་འཁུར་བ་གཏན་འཁེལ་བྱས་ནས། ཆུ་སྐྱོན་སྔོན་འགོག་ལས་ཀའི་བདེ་འཇགས་ཞིབ་བཤེར་ཡག་པོ་བྱས་ཤིང་། ཆུ་མཛོད་དང་། གློག་གྲྭ་བཅས་ཀྱི་བདེ་འཇགས་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མཐུན་སྦྱོར་བྱེད་དགོས། ཆུ་སྐྱོན་དང་གནོད་སྐྱོན་སྔོན་འགོག་ལས་ཀའི་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་ཞིང་། རིམ་ཁག་གི་ལས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་ཀྱིས་སྔོན་འགོག་འདུ་ཤེས་ཇེ་མཐོར་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ཆུ་སྐྱོན་སྔོན་འགོག་ལས་ཀར་སེམས་འཁུར་དང་རྒྱབ་སྐྱོར་བྱེད་ཅིང་ནང་ཞུགས་བྱེད་པའི་ཧུར་ཐག་རང་བཞིན་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན། གནམ་གཤིས་དང་ཆུ་དཔྱད་སྡེ་ཁག་གིས་གོམ་གང་མདུན་སྤོས་ཀྱིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འཛོལ་བ་མེད་པའི་སྒོ་ནས་སྔོན་དཔག་དང་སྔོན་བརྡ་བཏང་ནས། རིམ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཆུ་སྐྱོན་སྔོན་འགོག་ལས་ཀར་མཛུབ་སྟོན་བྱེད་པར་ཡང་དག་པ་དང་ཡིད་རྟོན་རུང་བའི་ཆ་འཕྲིན་མཁོ་སྤྲོད་བྱེད་དགོས། རིམ་ཁག་གི་ཆུ་སྐྱོན་སྔོན་འགོག་སྡེ་ཁག་དང་ཤང་གྲོང་གིས་ཆུ་སྐྱོན་སྔོན་འགོག་གི་ལས་རེས་བྱེད་ཤུགས་ཇེ་ཆེར་བཏང་ཞིང་། ཉིན་མཚན་དབྱེར་མེད་དུ་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས། གནས་ཚུལ་ཡོད་དུས་འཕྲལ་དུ་ཡར་ཞུས་བྱས་ཏེ་ཆུ་སྐྱོན་སྔོན་འགོག་གི་ཆ་འཕྲིན་དང་བཀའ་བཀོད་འགལ་རྐྱེན་མེད་པ་བྱ་དགོས་པའི་རེ་བ་བཏོན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག