མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་དུས་སྐབས་བཅུ་པའི་ལས་བཟོའི་སྨན་བཅོས་རོགས་རེས་ནང་ཞུགས་མི་ཁྲི་3ལ་ཟིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-07-16 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དུས་སྐབས་བཅུ་པའི་ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོས་སྡེ་ཚན་559ཡི་མི་གྲངས་31073སྒྲིག་འཛུགས་བྱས་ནས་ནང་དུ་ཞུགས་ཡོད་ལ།ཁྱོན་བསྡོམས་རོགས་རེས་དངུལ་སྒོར་ཁྲི་413བསྡུས་ནས་གོང་ཕུལ་བྱས་པས།དུས་སྐབས་དགུ་པའི་རོགས་རེས་བྱེད་སྒོ་དང་བསྡུར་ན་མི་གྲངས་2067འཕར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།ཟླ་6པའི་ཚེས་30ཉིན་བར་དུ།ཁུལ་ཡོངས་སུ་ཁྱོན་བསྡོམས་ནད་ཕོག་པའི་ལས་བཟོ་620ལ་རོགས་རེས་བྱེད་སྒོས་སྤྲད་པའི་ཁ་གསབ་རོགས་རམ་དངུལ་སྒོར་386444ཐོབ་པས།དུས་སྐབས་གཅིག་གི་རོགས་རེས་དངུལ་བསྡོམས་འབོར་གྱི་11%ལ་ཟིན་ཡོད།དེའི་ནང་དུ།ཐེངས་གཅིག་རང་བཞིན་གྱི་ཁ་གསབ་དངུལ་དངུལ་ཆེས་མཐོ་བར་སྒོར་12871ཐོབ་པ་རེད།

རང་ཁུལ་གྱི་ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོ་བསྡུ་བ་དང་ལག་བསྟར་བྱས་པ་དེ།ཏན་ཏིག་གིས་ལས་བཟོའི་ནད་བཅོས་དཀའ་བ་དང་།ནད་བཅོས་ནས་དབུལ་ཕོངས་སུ་གྱུར་པའི་གནད་དོན་ཐག་གཅོད་བྱས་པ་རེད།ལས་བཟོའི་སྨན་བཅོས་བྱེད་སྒོ་བསྡུ་འགོ་ཚུགས་པ་ནས་བཟུང་རྒྱ་ཆེའི་ལས་བཟོའི་སྲུང་སྐྱོང་དང་རྒྱབ་སྐྱོར་ཐོབ་ཅིང་།ནང་དུ་ཞུགས་པའི་མི་གྲངས་ཀྱང་མུ་མཐུད་དུ་རྒྱ་སྐྱེད་བཏང་ཡོད་དེ།རང་ཁུལ་གྱི་ལས་བཟོའི་མཐུན་སྒྲིལ་དང་རོགས་རེས་བྱེད་པའི་སྙིང་སྟོབས་མཚོན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག