མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་བྱ་མཚོན་གླུའི་བརྩམས་ཆོས་གསུམ་ལ་ཐོག་མའི་འདེམས་སྒྲུག་ཐོག་ཁས་བླངས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-16 10:20

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས3ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་བྱ་མཚོན་གླུའི་བརྩམས་ཆོས་བསྡུ་བའི་འདེམས་སྒྲུག་བྱེད་སྒོ་བསྡུས་པ།ཆེད་མཁས་ཚོ་ཆུང་གིས་དཔྱད་བསྡུར་འདེམས་བསྐོ་བྱས་པར་བརྒྱུད་ནས།ཁྱོན་བསྡོམས་བརྩམས་ཆོས་ཁག་གསུམ་ལ་ཐོག་མའི་འདེམས་སྒྲུག་ཐོག་ཁས་བླངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ད་ལོའི་ཟླ་9ཚེས་12ཉིན་ནས་ཚེས་21ཉིན་བར་དུ།ཡུན་ནན་ཞིང་ཆེན་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་སེམས་ཀྱི་ཉི་ཟླ་རྫོང་མཁར་དུ་བསྡུ་རྒྱུ་ཡིན་ཞིང་།མིག་སྔའི་བར་དུ།ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་བྱ་གཙོ་བོ་གང་ལེགས་ཀྱིས་ཕྱིར་མཚོན་པ་དང་།ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་འཕེལ་རྒྱས་གྲུབ་འབྲས་ཕྱིར་མཚོན་ཆེད།གྲ་སྒྲིག་འགོ་ཁྲིད་ཚོ་ཆུང་གིས་མཛུབ་སྟོན་འོག རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་བྱ་མཚོན་གླུ་བསྡུ་བ་རེད།མིག་སྔའི་བར་དུ།ཀོང་ཏུང་དང་ཧུའུ་པེ།ཧོ་ནན།ནང་སོག ཧྲན་ཞི་དང་ཡུན་ནན་སོགས་ཞིང་ཆེན་20(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)གྱི་རྩོམ་སྐུལ་དང་ལེན་བརྩམས་ཆོས་འབྱོར་ཡོད།ཐོག་མའི་འདེམས་བསྐོ་བརྒྱུད་ནས་ཐེངས་འདིའི་འདེམས་སྒྲུག་ལ་ཞུགས་པའི་བརྩམས་ཆོས་ཆ་ཚང་ཁྱོན་བསྡོམས་ཁག་90ཡོད།

ཐེངས་འདིའི་འདེམས་སྒྲུག་བྱེད་སྒོ་ནི་ཁུལ་འབྲེལ་ཡོད་དབང་གྲགས་སྡེ་ཁག་གི་ཆེད་ལས་མི་སྣ་དང་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་བདེ་ཆེན་ཁུལ་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ནས་གྲུབ་པ་རེད།དཔྱད་བསྡུར་འདེམས་བསྐོའི་སྐབས་སུ།ཆེད་མཁས་ཚོ་ཆུང་གིས”“ཐུན་མོང་ནས་མཐུན་སྒྲིལ་འབད་བརྩོན་བྱེད་པ་དང་ཐུན་མོང་ནས་དར་རྒྱས་གོང་འཕེལ་གཏོང་བ”ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་པ་དང་།“འདྲ་མཉམ་དང་མཐུན་སྒྲིལ།འབད་འབུངས”ཞེས་པའི་སྙིང་དོན་ལ་བརྩི་སྲུང་དང་།ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི“མཛེས་སྡུག་ལྡན་པའི་ཡུན་ནན.འཆམ་མཐུན་གྱི་བདེ་ཆེན”ཞེས་པའི་བརྗོད་བྱ་འབུར་དུ་ཐོན་རྒྱུའི་བླངས་བྱ་ལྟར།ལྟ་སྐུལ་ཚོ་ཆུང་གིས་ལས་རིམ་ཡོངས་སུ་ལྟ་སྐུལ་མཛུབ་སྟོན་བྱས་པའི་འོག བརྩམས་ཆོས་ཀྱི་འདེམས་སྒྲུག་བརྒྱུད་རིམ་ལ་གཟབ་ནན་གཞིགས་ནས།མཐར་ཕུལ་བྱུང་བརྩམས་ཆོས་ཁག་གསུམ་བདམས་ཐོན་བྱུང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག