མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ཨང་དང་པོའི་ཞིང་ཆེན་རིམ་པའི་གྲོང་གསེབ་ནུས་ཁུངས་དཔེ་སྟོན་གནས་གཞིར་ཞིབ་བཤེར་རྩིས་ལེན་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-07-16 10:20

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ཆེན་རིམ་པའི་ནགས་ལས་གཙོ་གནད་ཨར་ལས་ཨང་དང་པོ་སྟེ་གྲོང་གསེབ་ནུས་ཁུངས་དཔེ་སྟོན་གནས་གཞིའི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་ཐོབ་པ་རེད།

ཞིབ་བཤེར་རྩིས་ལེན་ཚན་ཆུང་གིས་ངོས་འཛིན་བྱས་པ་ལྟར་ན།རྣམ་གྲངས་དེས་བླང་བྱར་བསྟུན་ནས་ལག་བསྟར་ནང་དོན་ཕྱོགས་ཡོངས་སུ་གྲུབ་ཟིན་པ་དང་། མ་དངུལ་བེད་སྤྱོད་དེ་ཆོད་དོན་དང་མཐུན་ཞིང་།དོ་དམ་ཚད་གཞི་དང་མཐུན་ལ།དཔྱད་ཁུངས་ཡིག་ཚགས་ཆ་ཚང་བ། གནས་སྤོས་གྲོང་གསེབ་ཀྱི་ནུས་ཁུངས་འཛུགས་སྐབས་དཔེ་སྟོན་གྱི་ནུས་པ་བཏོན་ཡོད་པས། ཞིབ་བཤེར་རྩིས་ལེན་ལ་མོས་མཐུན་བྱུང་བ་རེད།རྒྱུས་ལོན་བྱུང་བ་ལྟར་ན། རྣམ་གྲངས་དེ་སེམས་ཀྱི་ཉི་ཟླ་རྫོང་ཅིན་ཅང་གྲོང་རྡལ་ཨན་ལེ་གནས་སྤོས་ཡུལ་མིའི་གྲོང་སྡེར་བཙུགས་ཡོད། 2013ལོའི་ཟླ8པར་ལས་འགོ་བཙུགས་པ་དང་། ད་ལོའི་ཟླ6པའི་ཟླ་སྟོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ། འཛུགས་སྐྲུན་ཁྲོད་དུད་ཚང་37“འདྲེས་སྦྱོར་གསུམ”(ཕག་ཚང་དང་གསང་སྤྱོད་ཁང་། རྫབ་རླངས་རྫིང་བུ)ཉི་ནུས་ཆུ་སྲོ་འཕྲུལ་ཆས། འབུད་ཤིང་གྲོན་ཆུང་ཐབ་ཀ གྲོང་གསེབ་ཀྱི་རྣམ་པ་ལྗང་འགྱུར་སོགས་ཡོད་ལ། དཔེ་སྟོན་གནས་གཞི་བཙུགས་ནས། རྣམ་གྲངས་སྡེ་ཁུལ་གྱི་ཞིང་དུད་ལ་ནུས་ཁུངས་གཙང་མ་འདོན་པ་དང་། ནགས་ཚལ་ཐོན་ཁུངས་ཀྱི་རིན་ཐང་དམའ་བའི་ཟད་གྲོན་ཇེ་ཉུང་དུ་སོང་ཞིང་། ནགས་ཚལ་ཀྱི་སྔོ་ཁེབས་ལ་ནུས་པ་ལྡན་པའི་སྒོ་ནས་སྲུང་སྐྱོང་བྱས་ཡོད་པ་དང་། ནགས་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག