ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་དང་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས3པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནན་ཏན་སྒོས་གཞི་རིམ་གྱི་དབང་བོ་སྐྱོན་ཅན་ཚོའི་རིག་གནས་ལེགས་པོ་སྐྲུན་ནས། ཁོ་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། བདེ་ཆེན་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་བྱེད་པ་དང་། ཁུལ་རིག་གནས་ཅུའུ་དང་གུང་གཞོན་ཚོགས་པ་ཁུལ་ཨུ་གཉིས་ལ་མཉམ་འབྲེལ་བྱས་ཏེ་ཟླ7པའི་ཚེས10ཉིན། ཁུལ་དཔེ་མཛོད་ཁང་དུ་དབང་བོ་སྐྱོན་ཅན་གྱི་བྱམས་སེམས་དཔེ་མཛོད་ཁང་སྒོ་འབྱེད་པ་དང་དང་བླངས་བས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི“ཉི་འོད་བྱ་འགུལ”སྤེལ་འགོ་བརྩམས། འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དང་དྲག་ཆས་ཉེན་རྟོག་སེམས་ཀྱི་ཉི་ཟླ་རྫོང་ཡན་ལག་རུ་ཁག སྡེ་ཁག་སོ་སོའི་དང་བླངས་བ150དང་། བདེ་ཆེན་ཁུལ་ལས་གསོ་ལྟེ་གནས་ཀྱི་དབང་བོ་སྐྱོན་ཅན་དང་ཁྱིམ་བདག་རྣམས་བྱ་འགུལ་ལ་ཞུགས།
དཔེ་མཛོད་ཁང་མང་པོས་རིག་གནས་ལ་བརྟེན་ནས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་ཆེད། བདེ་ཆེན་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་བདེ་ཆེན་ཁུལ་དཔེ་མཛོད་ཁང་གིས་ཐོན་ཁུངས་ཧྲག་བསྡུ་བྱས་ཏེ་བདེ་ཆེན་ཁུལ་དཔེ་མཛོད་ཁང་ནས་བྱམས་སེམས་དཔེ་ཆ་ལྟ་ཀློག་ཁང་བཙུགས་པ་དང་། དབང་བོ་སྐྱོན་ཅན་ཚོར་སློབ་སྦྱོང་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན།
