མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་ཞིང་ལས་སློབ་གྲྭ་ཆེན་མོའི་བརྟག་དཔྱད་ཚན་ཆུང་བདེ་ཆེན་ཁུལ་དུ་སོང་ནས་བརྟག་དཔྱད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-16 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་ཞིང་ཆེན་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅིའམ། ཞིང་སྡེ་གསར་བའི་འཕེལ་རྒྱས་ཞིབ་འཇུག་གླིང་གི་ཡོན་ཀྲང་ཀྲང་ཧེ་ཞང་དང་ཡུན་ནན་ཞིང་ཆེན་ཞིང་ལས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཐང་ཡུན་གཉིས་ཀྱིས་སྣེ་ཁྲིད་པའི་བརྟག་དཔྱད་ཚན་ཆུང་བདེ་ཆེན་ཁུལ་དུ་སོང་ནས་བརྟག་དཔྱད་བྱས་པ་མ་ཟད། ཟླ7པའི་ཚེས9ཉིན་ཡུན་ནན་བོད་ཁུལ་གྱི་རོང་འབྲོག་དབུལ་སྐྱོར་དང་ཞིང་སྡེ་གསར་བ་འཛུགས་སྐྲུན་གནས་ཚུལ་ཕྱོགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

བརྟག་དཔྱད་ཚན་ཆུང་གིས་བདེ་ཆེན་ཁུལ་གྱི་རོང་འབྲོག་དང་དབུལ་སྐྱོར་སྡེ་ཁག་གིས་ཁུལ་ཡོངས་ནས་རོང་འབྲོག་པའི་དབུལ་སྐྱོར་བྱ་འགུལ་དང་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན།

ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས།  ནན་ཏན་སྒོས“ཞིང་གསུམ”བྱ་བའི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་།  རྒྱུན་ཆད་མེད་པར་ཞིང་ལས་ཞིང་སྡེའི་བཅོས་བསྒྱུར་སོ་སོ་གཏིང་ཟབ་སྒོས་སྤེལ་བ།  ཧུར་ཐག་སྒོས་དེང་རབས་ཞིང་ལས་ཐོན་ལས་ཅན་དུ་ཚོང་གཉེར་བྱེད་པར་སྐུལ་འདེད་བྱེད་པ།  ནུས་ཤུགས་ཡོད་ཚད་བཏོན་ནས་ཞིང་སའི་རྨང་གཞིའི་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་སོགས་སྤེལ་བ་བརྒྱུད།  ཕན་འབྲས་ཡོད་པའི་སྒོ་ནས་ཞིང་ལས་འཕེལ་རྒྱས་དང་ཞིང་བའི་ཡོང་སྒོ་འཕར་སྣོན། ཞིང་སྡེའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བྱས།

བྱ་བའི་སྙན་ཞུ་ཉན་རྗེས།  བརྟག་དཔྱད་ཚན་ཆུང་གིས་བདེ་ཆེན་ཁུལ་གྱི་རོང་འབྲོག་པའི་དབུལ་སྐྱོར་བྱ་གཞག་དང་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་གནས་བབ་ཧ་ཅང་ལེགས་པ་དང་། རྗེས་མར་ཁུལ་དང་སློབ་གྲྭ་བར་མཐུན་སྦྱོར་མཉམ་ལས་བྱེད་པར་རྨང་གཞིའི་བརྟན་པོ་བཙུགས་ཡོད། རྗེས་ཕྱོགས་ཞིང་ཆེན་ཞིང་ལས་སློབ་གྲྭ་ཆེན་མོས་བདེ་ཆེན་ཁུལ་གྱི་དངོས་ཡོད་གནས་ཚུལ་ལྟར།  བདེ་ཆེན་ཁུལ་གྱི་ཚན་རྩལ་ནུས་ཤུགས་ཕྱོགས་ལ་མཛུབ་སྟོན་དང་རྒྱབ་སྐྱོར་བྱས་ཏེ། ཁུལ་འདིའི་ཞིང་ལས་དང་ཞིང་སྡེའི་སྤྱི་ཚོགས་དཔལ་འབྱོར་ལ་ནུས་ཤུགས་གང་ཡོད་ཀྱིས་རོགས་སྐྱོར་བྱེད་རྒྱུ་ཡིན་པར་བསྟན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག