
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། པར་རིས་སྟེང་འདུས་སྡོད་ཁུལ་གྱི་བགྲེས་པོ་ཚོས་བྱ་འགུལ་ལྟེ་གནས་སུ་སྤོ་ལོ་རྩེད་བཞིན་པ། ཉེ་བའི་ལོ་འགའི་རིང་། བགྲེས་པོ་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་མ་དངུལ་འབོར་ཆེན་གཏོང་བ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཞབས་ཞུ་ལ་ཤུགས་བསྣན་པ་སོགས་བྱེད་ཐབས་སྤྱད་དེ། ནུས་ཤུགས་ཡོད་ཚད་བཏོན་ནས་བགྲེས་པོའི་བྱ་འགུལ་ལྟེ་གནས་འཛུགས་སྐྲུན་བྱས་ཤིང་། བདེ་ཐང་དཔལ་ཡོན་གྱི་བགྲེས་པོའི་རིག་རྩལ་བྱ་འགུལ་སྤེལ་བ་བརྒྱུད། བགྲེས་པོའི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། གསར་འགོད་པས་ད་དུང་བདེ་ཆེན་རྫོང་བགྲེས་པོ་ལས་བྱེད་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། སང་ལོར་ཁུལ་ཡོངས་ཀྱི་བགྲེས་པོའི་སྤོ་ལོ་འགྲན་བསྡུར་བདེ་ཆེན་རྫོང་ནས་སྤེལ་རྒྱུ་རེད། །