མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲྭ་བཙུན་གསོ་སྦྱོང་འཛིན་གྲྭ་སློབ་སྦྱོང་བྱེད་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-09 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲྭ་བཙུན་གསོ་སྦྱོང་འཛིན་གྲྭ་སེམས་ཀྱི་ཉི་ཟླ་རྫོང་དུ་སློབ་སྦྱོང་བྱེད་འགོ་བརྩམས་པའི་མཛད་སྒོ་བསྡུས་ཤིང་། བདེ་ཆེན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ། བདེ་ཆེན་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཆོས་འཕེལ་འཛིན་གྲྭ་སློབ་སྦྱོང་བྱེད་འགོ་བརྩམས་པའི་མཛད་སྒོ་སྟེང་ཞུགས་པ་མ་ཟད་གཏམ་བཤད་གནང་།

བསྟན་འཛིན་ཆོས་འཕེལ་གྱིས་མིག་སྔར་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་།  རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཉིན་རེར་ཇེ་ལེགས་སོ་འགྲོ་བཞིན་ཡོད་པ་མ་ཟད།  ཁུལ་ཡོངས་ཀྱི་བྱ་གཞག་སོ་སོ་ཀྱང་ཉིན་རེར་ཡར་ཐོན་དུ་འགྲོ་བཞིན་ཡོད།  ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དེས་གྲྭ་བཙུན་རྣམས་ལ་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་ཏེ། སྔར་ལས་ལྷག་པར་བདེ་ཆེན་ཁུལ་གྱི་འཕེལ་རྒྱས་གནས་བབ་ལ་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཡིན་པར་བསྟན།

འཛིན་གྲྭ་སློབ་སྦྱོང་བྱེད་འགོ་བརྩམས་པའི་མཛད་སྒོ་སྟེང་། གསོ་སྦྱོང་སྟེང་ཞུགས་པའི་གྲྭ་བཙུན་དག་གིས་གཏམ་བཤད་སྤེལ་བ་དང་།  ཁོང་ཚོས་རྒྱལ་ཁབ་དང་ཕ་ཡུལ་གྱི་འཕེལ་རྒྱས་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ།  རྗེས་མར་སྔར་ལས་ལྷག་པར་སློབ་སྦྱོང་ལ་ཤུགས་བསྣན་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་དར་སྤེལ།  སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་སོགས་ལ་འབད་པ་བྱེད་རྒྱུ་ཡིན།  ཁོང་ཚོས་བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ནང་བསྟན་ཆོས་ལུགས་དར་སྤེལ་བྱེད་པར་མཐུན་རྐྱེན་གང་ལེགས་སྐྲུན་ནས།  ནང་བསྟན་ཆོས་ལུགས་ཀྱི་ཤེས་བྱ་མང་པོ་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་རྒྱུད་སྒྲོག་བྱེད་རྒྱུ་ཡིན་པའི་རེ་བ་བཏོན།

བདེ་ཆེན་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་བདེ་ཆེན་ཁུལ་ནང་བསྟན་མཐུན་ཚོགས། ཆོས་ལུགས་ཅུའུ།  ནང་བསྟན་སློབ་གླིང་དང་བོད་རིགས་སྤུན་ཟླའི་གཞུང་སྒྲུབ་ཁང་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་ཐེངས་འདིའི་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས།  །  

全州藏传佛教教职人员培训班开班

香格里拉网讯 (记者 和启光) 近日,全州藏传佛教教职人员培训班在香格里拉县城举行开班仪式。州政协副主席、州佛教协会会长丹增确佩出席开班仪式并讲话。

丹增确佩指出,目前,迪庆经济社会取得长足发展,广大人民群众生活条件日益改善,全州各项事业欣欣向荣。举办此次培训班,旨在向学员介绍我州经济社会发展情况,让学员进一步了解迪庆发展现状。

开班仪式上,参加培训的学员作了交流发言,他们说,国家的快速发展和家乡日新月异的变化使他们感到自豪,今后将进一步加强学习,促进团结,弘扬佛法,维护社会稳定。他们希望,州委、州政府为弘扬佛教文化创造更加有利的条件,让他们把学到的佛教知识更好更多地传播给广大信教群众。

州委统战部,州佛教协会、宗教局、佛学院、藏胞办等相关部门负责人参加开班仪式。

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག