མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

“ལྡོག་རྩ་གཅིག་སྒྲིལ་གྱིས་ཀྲུང་གོའི་བྱམས་སེམས་སྐྱོང་བ”ཞེས་བདེ་ཆེན་ཁུལ་དུ་སྐྱོད་པའི་བྱ་འགུལ་དཀྱིལ་འཁོར་ཐང་ཆེན་དུ་སྤེལ་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-09 10:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། “ལྡོག་རྩ་གཅིག་སྒྲིལ་གྱིས་ཀྲུང་གོའི་བྱམས་སེམས་སྐྱོང་བ”ཞེས་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་དུ་སྐྱོད་པའི་སྤྱི་ཕན་བྱ་འགུལ་སེམས་ཀྱི་ཉི་ཟླ་རྫོང་གི་དཀྱིལ་འཁོར་ཐང་ཆེན་དུ་སྤེལ་འགོ་བརྩམས་པའི་མཛད་སྒོ་བསྡུས།  རྒྱལ་ས་པེ་ཅིན་ནས་ཐོན་པའི་སྨན་བཅོས་ཆེད་མཁས་དང་དང་བླངས་བ450ལྷག་སེམས་ཀྱི་ཉི་ཟླ་རྫོང་དང་བདེ་ཆེན་རྫོང་། འབའ་ལུང་རྫོང་བཅས་ས་ཁུལ30ལྷག་ལ་སོང་ནས་དུས་ཡུན་གཟའ་འཁོར་གཅིག་རིང་ལ་རིན་མེད་སྨན་བཅོས་བརྟག་དཔྱད་དང་བྱམས་སེམས་ཕུལ་བ།  ཆེད་མཁས་པའི་བདེ་ཐང་འཆད་ཁྲིད།  ལྷན་སྐྱེས་སྙིང་ནད་ཕོག་མཁན་ལ་རོགས་སྐྱོར་དང་རིགས་བགར་བའི་སྨན་བཅོས་ཕྱོགས་ཀྱི་སྤྱི་ཕན་བྱ་འགུལ་སྤེལ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག