མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་ཟས་རིགས་བདེ་འཇགས་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-08 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་ཟས་རིགས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟས་རིགས་བདེ་འཇགས་དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱེད་པ་དང་། ཡུལ་དངོས་སུ་འདྲི་གཅོད་དང་ལེན་བྱེད་པ། སྨྱད་བྱད་སྡེ་ཁག་གདན་ཞུ་བྱས་ཏེ་དྲིལ་བསྒྲགས་བྱེད་པ་སོགས་བྱེད་ཐབས་ལ་བརྟེན་ནས། “ཟས་རིགས་བདེ་འཇགས་དྲིལ་བསྒྲགས་འདྲི་གཅོད་བྱ་འགུལ”སྤེལ།

བྱ་འགུལ་ཁྲོད་ཟས་རིགས་བདེ་འཇགས་འདྲི་གཅོད་ཕྱོགས་ཀྱི་དྲིས་ལེན15བཏབ་པ་དང་། ཟས་རིགས་བདེ་འཇགས་དྲིལ་བསྒྲགས་ཡིག་ཆ250འགྲེམ་གཏོང་བྱས་པ་བརྒྱུད། སྔར་ལས་ལྷག་པར་ཟས་རིགས་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་རང་རྟོགས་ཀྱི་འདུ་ཤེས་ལ་དོ་སྣང་བྱེད་པ་དང་། རྒྱ་ཆེའི་འཛད་སྤྱོད་པས་རང་ཉིད་སྲུང་སྐྱོབ་དང་ཁེ་དབང་འགན་སྲུང་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་བཏང་བས་གྲུབ་འབྲས་ལེགས་པོ་ཐོབ། རྗེས་མར་ལས་ཁུངས་འདིས་མ་མཐུད་དུ་ཟས་རིགས་ལྟ་སྐུལ་དོ་དམ་དང་དྲིལ་བསྒྲགས་ཕྱོགས་ལ་ཤུགས་བསྣན་ནས། མི་ཚང་མ་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་དྲིལ་བསྒྲགས་ཁྲོད་ཞུགས་པ་དང་ཟས་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པའི་རྣམ་པ་གསར་བ་ཞིག་ཆགས་པར་བརྩོན་ལེན་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག