ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6ཚེས30ཉིན།གསར་འགྱུར་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུས་ཀྱི་སློབ་བསྡུའི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་དོན།བདེ་ཆེན་ཁུལ་གྱི་མཐོ་རྒྱུགས་ཐོག་སྐར་གྲངས་ཀྱི་ཚད་གཞིར་ལོངས་ཚད96.7%ཟིན་ཡོད་པ་རེད།
ད་ལོར།རང་ཁུལ་གྱི་ཐུན་མོང་མཐོ་རྒྱུགས་དུ་མིང་ཐོག་བཀོད་པའི་སློབ་མ2192ཡོད་ལ།དངོས་སུ་རྒྱུགས་སྤྲོད་དུ་ཞུགས་མཁན2021ཡོད།སྤྱིའི་སྐར་གྲངས་ཀྱི་ཚད་གཞིར་ལོངས་པའི་མི1956ཡོད་དེ།སྐར་གྲངས་ཀྱི་ཚད་གཞིར་ལོངས་ཚད96.7%ཟིན་ཡོད།དེའི་ནང་དུ།དངོས་གཞིའི་ཚན་ཁག་དང་པོའི་སྐར་གྲངས་ཀྱི་ཚད་གཞིར་ལོངས་པའི་མི142ཡོད་དེ།སྐར་གྲངས་ཀྱི་ཚད་གཞིར་ལོངས་ཚད7.03%ཟིན་པ།དངོས་གཞིའི་ཚན་ཁག་གཉིས་པའི་སྐར་གྲངས་ཀྱི་ཚད་གཞིར་ལོངས་པའི་མི431ཡོད་དེ།སྐར་གྲངས་ཀྱི་ཚད་གཞིར་ལོངས་ཚད21.32%ཟིན་པ།དངོས་གཞིའི་ཚན་ཁག་གསུམ་པའི་སྐར་གྲངས་ཀྱི་ཚད་གཞིར་ལོངས་པའི་མི379ཡོད་དེ།སྐར་གྲངས་ཀྱི་ཚད་གཞིར་ལོངས་ཚད18.75%ཟིན་པ།ཆེད་སྦྱོར་ཚན་ཁག་དང་པོའི་སྐར་གྲངས་ཀྱི་ཚད་གཞིར་ལོངས་པའི་མི234ཡོད་དེ།སྐར་གྲངས་ཀྱི་ཚད་གཞིར་ལོངས་ཚད་11.58%ཟིན་པ།ཆེད་སྦྱོར་ཚན་ཁག་གཉིས་པའི་སྐར་གྲངས་ཀྱི་ཚད་གཞིར་ལོངས་པའི་མི770ཡོད་དེ།སྐར་གྲངས་ཀྱི་ཚད་གཞིར་ལོངས་ཚད38.1%ཟིན་པ།རིག་གནས་ཚན་ཁག་གི་སྐར་གྲངས600(ལྟ་སྐྱོང་སྐར་གྲངས་དེ་རུ་ཚུད་ཡོད)ཡན་ཟིན་པའི་མི10ཡོད་ལ།རང་བྱུང་ཚན་རིག་ཚན་ཁག་གི་སྐར་གྲངས600(ལྟ་སྐྱོང་སྐར་གྲངས་དེ་རུ་ཚུད་ཡོད)ཡན་ཟིན་པའི་མི18ཡོད།རིག་གནས་ཚན་ཁག་གི་ཨང་དང་པོ་སྟེ་རྒྱུགས་སྤྲོད་སློབ་མ་མོ་ཅའི་སྐར་གྲངས་ནི640(ལྟ་སྐྱོང་སྐར་གྲངས་དེ་རུ་ཚུད་ཡོད)ཡིན་པ་དེ་ཞིང་ཆེན་ཡོངས་ཀྱི་རིག་གནས་ཚན་ཁག་གི་ཨང244ཡིན་ཞིང་།རང་བྱུང་ཚན་རིག་ཚན་ཁག་གི་ཨང་དང་པོ་སྟེ་རྒྱུགས་སྤྲོད་སློབ་མ་ཧོ་ཐུང་གི་སྐར་གྲངས་ནི655(ལྟ་སྐྱོང་སྐར་གྲངས་དེ་རུ་ཚུད་ཡོད)ཡིན་པ་དེ་ཞིང་ཆེན་ཡོངས་ཀྱི་ཨང550ཡིན་པ་རེད། །