མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་ཞིང་བ་ལས་བཟོ་བར་ཐོན་སྐྱེད་བདེའཇགས་ཕྱོགས་ནས་གསོ་སྦྱོང་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-07 10:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས2ཉིན། ཡུན་ནན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་དང་ཡུན་ནན་ཞིང་ཆེན་བཟོ་སྐྲུན་ཐོབ་བྱུང་རྨས་སྐྱོན་ཉེན་བཅོལ་གཞུང་སྒྲུབ་ཁང་བཅས་འབའ་ལུང་རྫོང་དུ་སོང་ནས་བཟོ་སྐྲུན་ལས་རིགས་ཕྱོགས་ཀྱི“ཞིང་བ་ལས་བཟོ་བ་སྟོང་ཕྲག་ལ་སློབ་ཁྲིད་བྱེད་པ”ཞེས་པའི་བདེ་འཇགས་གསོ་སྦྱོང་སྤེལ་བ་དང་། སྔར་ལས་ལྷག་པར་ཞིང་བ་ལས་བཟོ་བའི་ཐོན་སྐྱེད་བདེ་འཇགས་དང་རང་ཉིད་འགན་སྲུང་བྱེད་པའི་འདུ་ཤེས་སོགས་མཐོར་འདེགས་སུ་བཏང་བ་བརྒྱུད། “ཚང་མས་བདེ་འཇགས་ལ་རྒྱུས་ལོན་བྱེད་པ་དང་དོ་སྣང་བྱེད་པའི”ཁ་དབུགས་གསར་བ་ཞིག་ཆགས་པ་རེད།

དུས་ཡུན་ཉིན་གཉིས་རིང་གི་གསོ་སྦྱོང་ལས་བརྙན་འཕྲིན་གསོ་སྦྱོང་དང་ཡུལ་དངོས་ནས་གསོ་སྦྱོང་བྱེད་པ།  ཐོན་སྐྱེད་བདེ་འཇགས་ཕྱོགས་ཀྱི་དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱེད་པ་སོགས་རྣམ་པ་བརྒྱུད་དེ།  ཞིང་བ་ལས་བཟོ་བར་དམིགས་ཡུལ་ཡོད་པའི་སྒོ་ནས་ཐོན་སྐྱེད་བདེ་འཇགས་ཕྱོགས་ཀྱི་གསོ་སྦྱོང་སྤེལ་བ་དང་།  གཙོ་བོར་ཐོན་སྐྱེད་ཡུལ་དངོས་སུ་ལས་ཀ་གཉེར་བཞིན་པའི་ཞིང་བ་ལས་བཟོ་བ་དང་ནང་སྒོས་སུ་གསར་དུ་ལས་གནས་སྟེང་ཞུགས་པའི་ཞིང་བ་ལས་བཟོ་བ་དང་བཟོ་སྐྲུན་ཨར་ལས་མི་སྣར་གསོ་སྦྱོང་བྱས་པ་རེད།

འབའ་ལུང་རྫོང་གྲོང་ཁྱེར་འཛུགས་སྐྲུན་བཟོ་སྐྲུན་ཚད་ཡོད་འགན་ལེན་ཀུང་ཟི་དང་འབའ་ལུང་རྫོང་བཟོ་སྐྲུན་བཟོ་འགོད་སྡེ་ཚོགས་སྤྱིའི་ཁྱབ་ཀུང་ཟི། ཡུན་ནན་ཏུན་ཆའེ་ཧྥུན་བཟོ་སྐྲུན་བཟོ་འགོད་ཚད་ཡོད་ཀུང་ཟི།  སི་ཁྲོན་ཞིང་ཆེན་ལའོ་རྫོང་ཁྲའོ་ཧུ་བཟོ་སྐྲུན་བཟོ་འགོད་ཚད་ཡོད་ཀུང་ཟི་སོགས་ཨར་ལས་ལས་ཁུངས་ཀྱི་ཞིང་བ་ལས་བཟོ་བ70ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག