མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཤར་དཀར་གངས་རིའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི2012ལོའི་ནགས་ལས་ཁ་གསབ་རོགས་དངུལ་རྣམ་གྲངས་ལ་ཁུལ་རིམ་པའི་ཞིབ་བཤེར་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-07 10:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  ཡུན་ནན་ཞིང་ཆེན་གྱི་ཤར་དཀར་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི2012ལོའི་ནགས་ལས་ཁ་གསབ་རོགས་དངུལ་རྣམ་གྲངས་ལ་བདེ་ཆེན་ཁུལ་ནགས་ལས་ཅུའུ་དང་ནོར་སྲིད་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་ཆེད་མཁས་པས་ཞིབ་བཤེར་རྩིས་ལེན་ཐོབ།

ཞིབ་བཤེར་རྩིས་ལེན་ཚན་ཆུང་གིས་རྩ་བའི་འཛུགས་སྐྲུན་སྒྲིག་རིམ་དང་རྣམ་གྲངས་ལག་བསྟར་ཇུས་གཞི། རྣམ་གྲངས་ལེགས་འགྲུབ་ཞིབ་བཤེར་རྩིས་ལེན་སྤྱི་བསྡོམས་སྙན་ཞུའི་ཡི་གེ་སོགས་རྒྱུ་ཆ་ལྟར།  ཡུལ་དངོས་སུ་ཞིབ་བཤེར་རྩིས་ལེན་བྱེད་པ་དང་རྣམ་གྲངས་ཡིག་ཚགས་ཀློག་པ།  རྣམ་གྲངས་ལས་ཁུངས་ཀྱི་ཡར་ཞུར་ཉན་པ་སོགས་རྣམ་པ་སྤྱད་ནས་ཞིབ་བཤེར་རྩིས་ལེན་བྱས།

རྒྱུས་ལོན་པ་ལྟར་ན།  ཡུན་ནན་ཞིང་ཆེན་གྱི་ཤར་དཀར་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི2012ལོའི་ནགས་ལས་ཁ་གསབ་རོགས་དངུལ་རྣམ་གྲངས་ལ་སྤྱིའི་མ་དངུལ་སྒོར་ཁྲི340བཏང་ཡོད་པ་དང་།  ཚང་མ་ཀྲུང་དབྱང་ནོར་སྲིད་ཀྱི་སྔོན་རྩིས་ཆེད་སྤྱོད་མ་དངུལ་ཡིན།  རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་ལ་ཤར་དཀར་གངས་རིའི་བྱ་རིགས་ཀྱི་ཐོན་ཁུངས་ཞིབ་བཤེར་དང་སྒྲིག་ཁོངས་དོ་དམ་འཆར་འགོད།  སྐོར་ཞིབ་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ།  བརྙན་འཕྲིན་ཆེད་སྒྲིག་ལེ་ཚན་སྒྲུབ་པ་དང《ཤར་དཀར་གངས་རིའི》དྲིལ་བསྒྲགས་པར་དེབ་འགྲེམ་སྤེལ་བྱེད་པ།  གསར་འགྱུར་གསར་རྩོམ་ཕྱོགས་ཀྱི་གསོ་སྦྱོང་བྱེད་པ། 《 ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཤར་དཀར་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲོལ་ཡིག》དྲིལ་བསྒྲགས་ལག་ལེན་བྱེད་པ་དང《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཤར་དཀར་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲོལ་ཡིག་ལག་བསྟར་རྩ་གནད》གཏན་འབེབས་བྱེད་པ་དང་ཐོན་ཁུངས་སྲུང་སྐྱོང་དོ་དམ་གསོ་སྦྱོང་སྤེལ་བ་སོགས་འདུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག