མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འོས་འགན་སློབ་གསོ་བཅའ་ཁྲིམས་ཕྱོགས་ཀྱི་ཁྲིམས་འཛིན་ལ་ཞིབ་བཤེར་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-07 10:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ6པའི་ཚེས27ཉིན་ནས་ཟླ7པའི་ཚེས3ཉིན་བར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞིབ་བཤེར་ཚན་ཆུང་སྔ་གཞུག་ཏུ་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ11གི་སློབ་གྲྭ13ལ་སོང་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས》ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ཕྱོགས་ནས་ཁྲིམས་འཛིན་ཞིབ་བཤེར་བྱས།  ཞིབ་བཤེར་བྱས་པ་བརྒྱུད་ཚང་མས་ཁུལ་ཡོངས་ཀྱི་འོས་འགན་སློབ་གསོ་ཕྱོགས་ཀྱི་དྲིལ་བསྒྲགས་བྱ་བར་ཕན་འབྲས་ལེགས་པོ་ཐོབ་ཡོད་པ་དང་། འགྲོ་སོང་འགན་སྲུང་ལམ་ལུགས་ཀྱང་རིམ་བཞིན་འཐུས་ཚང་དུ་འགྲོ་བཞིན་པ།  དགེ་རྒན་གྱི་བྱང་ཚད་མུ་མཐུད་ནས་མཐོར་འདེགས་བྱུང་ཡོད་པ་དང་ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་གི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་བཅོས་ཐོབ་ཡོད་པ་སོགས་ཁུལ་ཡོངས་ཀྱི་སློབ་གསོའི་སློབ་ཁྲིད་ཆུ་ཚད་མུ་མཐུད་ནས་མཐོར་འདེགས་སུ་འགྲོ་བཞིན་ཡོད་པར་བརྗོད་བཞིན་ཡོད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག