མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

《ཡུན་ནན་ཞིང་ཆེན་བོད་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་འགན་སྲུང་ཇུས་གཞིའི་ཞིབ་འཇུག》སྤེལ་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-04 11:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས2ཉིན།  《ཡུན་ནན་ཞིང་ཆེན་བོད་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་འགན་སྲུང་ཇུས་གཞིའི་ཞིབ་འཇུག》སྤེལ་འགོ་བརྩམས་པའི་ཚོགས་འདུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་རུ་ཚོགས་པ་དང་།  བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡན་པའོ་ཚོགས་འདུ་སྟེང་ཞུགས་པ་མ་ཟད་གཏམ་བཤད་གནང་། ཡུན་ནན་ཞིང་ཆེན་ཏང་གི་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅིའམ། རྒྱུན་ལས་སློབ་གཙོ་གཞོན་པ་དབྱང་མིན་ཧྲུའུ་ཡིས་ཇུས་གཞི་ཕྱོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་དམིགས་ཏེ་བཀོད་སྒྲིག་བྱས་པ་དང་བླང་བྱ་བཏོན།  གྲོས་ཚོགས་འདི་བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། བདེ་ཆེན་ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མྰ་ཝུན་ལོན་གྱིས་འགོ་འཛིན་བྱས་པ་དང་།  བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། ཁུལ་ཏང་ཨུའི་དྲུང་ཡུག་ཆེན་མོ་ལུག་ཅ་ཞོན། ཡུན་ནན་ཞིང་ཆེན་ཏང་གི་སློབ་གྲྭའི་ཏང་ཨུའི་ཨུ་ཡོན་ནམ། སློབ་གཙོ་གཞོན་པ་ཁྲིན་ཀྲུ་ཡས་དང་བདེ་ཆེན་ཁུལ་རྒྱལ་ཁབ་བདེ་སྲུང་ཅུའུ་ཡི་ཅི་ཀྲང་ལའོ་ཀྲུང་ཝུན་སོགས་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་ཡན་པའོ་ཡིས་བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཇུས་གཞི་ཚན་ཆུང་གི་ཆེད་མཁས་སློབ་དཔོན་ཆེན་མོ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་དགའ་བསུ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཇུས་གཞི་ཚན་ཆུང་གི་ཆེད་མཁས་སློབ་དཔོན་ཆེན་མོ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་འགན་སྲུང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས།  ཁོས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་འགན་སྲུང་བྱེད་པ་ནི་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པར་རག་ལས་ཡོད་ལ།  བདེ་ཆེན་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་དུས་ཡུན་རིང་བའི་བདེ་འཇགས་ས་ཁུལ་འཛུགས་སྐྲུན་ཁྲོད་བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་ལས་བྱེད་པ་དང་།  ནང་སྒོས་སུ་གཞི་རིམ་ལས་བྱེད་པ་དག་གིས་ཕན་འབྲས་ཡོད་པའི་བྱ་བ་མང་པོ་སྒྲུབ།  ཡིན་ཡང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བཏོན་པའི་བླང་བྱ་དང་བསྡུར་ན་བར་ཐག་ཆེན་པོ་ལྡན། 《ཡུན་ནན་ཞིང་ཆེན་བོད་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་འགན་སྲུང་ཇུས་གཞིའི་ཞིབ་འཇུག》སྤེལ་འགོ་བརྩམས་པ་དེས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་འགན་སྲུང་ཕྱོགས་ཀྱི་རིགས་གཞུང་ཞིབ་འཇུག་ལ་ཁ་ཕྱོགས་སྟོན་པ་དང་ས་ཁུལ་འདིའི་ཡུན་རིང་གི་བདེ་འཇགས་བྱ་གཞག་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་པར་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག